སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རི་སྐྱེས་སྲོག་ཆགས་སྦྲུལ་ཆེན་ངོ་སྤྲོད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-11 11:45:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


སྦྲུལ་ཆེན། 蟒蛇 Reticulated Python

གཟུགས་གཞིའི་ཁྱད་ཆོས།
     སྦྲུལ་ཆེན་དར་མ་ཞིག་གི་རིང་ཚད་ལ་སྨིས6དང་། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ85ཡོད་པ་དང་། དུག་གི་མཆེ་བ་མེད། སྤྱི་གཙུག་གློ་ཁ་ཡིན། ལུས་ཧྲིལ་བོ་ཁམ་ནག་ཡིན་ལ། སྤྲིན་རིས་ལྟ་བུའི་ཁྲ་ཐིག་ཡོད། རྒྱབ་གཞུང་ན་སེར་ཐིག་རིང་བོ་ཞིག་ཡོད་ཅིང་། གསུས་ངོས་སེར་བོ་ཡིན། ལུས་ཀྱི་གཡས་གཡོན་ན་ཐིག་རིས་སེར་བོ་རེ་འཐེན་འདུག རྟུག་ཁུང་གི་གཡས་གཡོན་ན་སྡེར་མོའི་དབྱིབས་དང་མཚུངས་པའི་སུག་སྡེར་གྱི་ཤུལ་རེ་ཡོད།
ཁྱབ་ཡུལ།
     སྦྲུལ་ཆེན་ནི་བོད་ལྗོངས་ཀྱི་རྫ་ཡུལ་དང་མེ་ཏོག་རྫོང་། མོན་ཡུལ། ལྷོ་ཡུལ་སོགས་ན་ཡོད་པར་མ་ཟད། ཡུན་ནན་ཞིང་ཆེན་དང་ཧྥུའུ་ཅན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཀོང་ཞི་རང་སྐྱོང་ལྗོངས་བཅས་ནའང་ཡོད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
     སྦྲུལ་ཆེན་ནི་མཚོ་ངོས་ལས་སྨིས1500མན་གྱི་ཚ་ཁུལ་དང་ཚ་ཁུལ་དང་ཆ་འདྲ་བའི་ནགས་ཚལ་དུ་གནས་ལ། སྦྲུལ་ཆེན་མང་ཤས་ན་འདམ་དང་ཆུ་བོའམ་མཚེའུ་ཡི་འགྲམ་རྒྱུད། ཡང་ན་ས་ལ་བརླན་བཤེར་ཆེ་ཞིང་རྡོ་ཕ་བོང་མང་ས་ན་གནས་འདུག སྦྲུལ་ཆེན་སྐུང་ས་ནི་བྲག་ཕུག་དང་སྡོང་ཁུང་། རྡོ་སྲུབས་བཅས་ཡིན་ལ། སྡོང་མགོའམ་བྲག་ངོས་ལ་འགོ་བར་མཁས་པས། ནམ་ཡིན་ཡང་སྡོང་བོའི་ཡལ་གའི་སྟེང་དུ་ཞགས་དཀྲི་བྱས་ཏེ་ཁ་རོག་གེར་ཁ་ཟས་ལ་བསྒུག་འདུག ཁ་ཟས་གཙོ་བོ་ནི་བྱི་བའི་རིགས་དང་འདབ་ཆགས་ཀྱི་རིགས། སྦྲུལ་གྱི་རིགས། སྦལ་བའི་རིགས་སོགས་ཡིན་ལ། སྤྱི་རྒྱ30ནས་སྤྱི་རྒྱ40ཅན་གྱི་འོ་འཐུང་སྲོག་ཆགས་ཀྱང་བསད་དེ་ཁྱུར་མིད་བྱེད་ཐུབ་པ་ཡིན། སྦྲུལ་ཆེན་ནི་ཆུར་རྐྱལ་མཁས་པ་དང་དུས་ཡུན་རིང་བོར་ཆུ་ཞབས་སུ་བསྐུང་ཐུབ། དགུན་ཐོག་སྡོང་ཁུང་ངམ་རྡོ་འོག ཡང་ན་བྲག་སྲུབས་སོགས་སུ་འཛུལ་ཏེ་དགུན་ཉལ་སྟེག་པ་ཡིན། སྦྲུལ་ཆེན་ནི་སྒོང་སྐྱེས་ཡིན་པ་དང་། དགུན་ཉལ་སྟེག་སྐབས་སྐྱེ་འཕེལ་བྱེད་ཅིང་། སྒོ་ང60ནས་སྒོ་ང1000ཙམ་བཏང་རྗེས་དེ་རུམ་སྟེ་ཁ་འགད་དུ་འཇུག་པ་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
     སྦྲུལ་ཆེན་གྱི་ལུས་ཧྲིལ་བོ་སྨན་དུ་འགྲོ་བ་དང་། སྦྲུལ་ཆེན་གྱི་པགས་པ་དངོས་རྫས་རྩ་ཆེན་ཞིག་ཡིན་པར་མ་ཟད། འགྲེམ་སྟོན་དང་ཚན་རིག་ཞིབ་འཇུག་བྱེད་པར་མཁོ་བའི་རི་སྐྱེས་སྲོག་ཆགས་དཀོན་པོ་ཞིག་ཀྱང་ཡིན།
ད་ཡོད་གནས་བབ།
     ཁོར་ཡུག་ལ་གཏོར་བརླག་ཐེབས་པ་དང་རིག་རིག་ཐུག་ཐུག་བསད་པའི་དབང་གིས་རང་རྒྱལ་ནང་ལོགས་སུ་སྦྲུལ་ཆེན་མཐོང་རྒྱུ་མེད་པར་གྱུར་འདུག ཡིན་ནའང་བོད་ལྗོངས་མེ་ཏོག་རྫོང་དང་རྫ་ཡུལ་ནས་རི་སྐྱེས་སྲོག་ཆགས་གང་འདོད་དུ་མི་གསོད་པས། དུས་རབས་སྔོན་མའི་དུས་མཇུག་ཏུ་སྦྲུལ་ཆེན་ད་དུང་མཐོང་རྒྱུ་ཡོད་ཟེར།
     སྦྲུལ་ཆེན་ནི་རང་རྒྱལ་གྱི་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་ཨང་རིམ་དང་པོར་གྱུར་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...