སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རི་སྐྱེས་སྲོག་ཆགས་ཏེ་ཆུ་ཤུར་གྱི་བྱ་ཝང་ངོ་སྤྲོད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-8 16:14:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།


ཆུ་ཤུར་གྱི་བྱ་ཝང་།

     སྤྱི་ཟླ11པའི་ཚེས6ཉིན། བྱ་ཝང་ལ་དབྱིན་སྐད་དུ(Crossoptilon harmani)འབོད་ཀྱི་ཡོད་། བྱའི་གཟུགས་པོའི་རིང་ཚད་ལ་ལི་སྨི72-81བར་ཡོད་ཅིང་། གཟུགས་པོའི་ལྗིད་ཚད་ལ་ཁེ་1500ཡོད། མགོ་བོའི་སྟེང་དུ་ཁ་མདོག་ནག་ཅིང་འཇམ་ལ་མཉེན་པའི་བྱ་སྤུ་ཐུང་ཐུང་གིས་ཁེངས་ཤིང་། མགོ་བོའི་གཞོགས་གཅེར་བུར་ཐོན། བྱ་ཝང་གི་བྱ་སྒྲོའི་ཁ་མདོག་དེ་བྱ་ཝང་དཀར་པོ་དང་བྱ་ཝང་སྔོན་པོའི་བར་གྱི་ཁྱད་པར་ཡོད་པ་རེད། འཚོ་གནས་བྱེད་ས་གཙོ་བོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2500-5000བར་གྱི་རི་མཐོ་དང་རི་མཐོའི་ནགས་ཚལ། སྡོང་ཕྲན་ནགས་རྫོབ་དང་སྔོ་ལྗང་གི་རྩྭ་ཐང་རེད། ཀྲུང་གོའི་བོད་ལྗོངས་ཀྱི་ལྷོ་ཕྱོགས་ཏེ་ལྷ་ས་དང་། ལྷུན་གྲུབ། སྟག་རྩེ། ཆུ་ཤུར། མལ་གྲོ་གུང་དཀར། སྟོད་ལུང་བདེ་ཆེན། རྒྱ་ཚ། མཚོ་སྣ། ཉིང་ཁྲི། མེ་ཏོག སྣང་རྫོང་། སྨན་གླིང་། ཀོང་པོ་རྒྱ་མདའ་སོགས་སུ་ཁྱབ་ཡོད།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...