སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡུན་ནན་ཞིང་ཆེན་ཏ་ལའི་གྲོང་ཁྱེར་གྱི་གནས་ཆེན་རི་བོ་བྱ་རྐང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-14 9:50:00 རྩོམ་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། ཀློག་གྲངས།

     གནས་ཆེན་རི་བོ་བྱ་རྐང་ནི། ཡུན་ནན་ཞིང་ཆེན་ཏ་ལའི་གྲོང་ཁྱེར་དུ་འདུག བཤད་སྲོལ་དུ་མཐོ་ཚད་རྒྱ་མཚོའི་ངོས་ནས་3220 ཡས་མས་དང་། མཐའ་ཁོར་རི་ཤོད་ཀྱི་ནགས་ཚལ་ནང་དུ་རྒྱ་དགོན་ཆེ་ཆུང་40ཙམ་འདུག རི་ཤོད་དང་ཏ་ལའི་གྲོང་ཁྱེར་ནང་དུ་ ཚ་བ་ཆེ་ཙམ་རེད།  རི་རྩེར་གནམ་གཤིས་ནི་ང་ཚོ་བོད་ཀྱི་ས་ཁུལ་ལྟ་བུའི་མཁའ་དབུགས་གཙང་མ་དང་སྔ་དགོང་དུུ་རླུང་ཁ་བཙན་པོ་འདུག གནས་མཇལ་གཙོ་བོ་ནི། རི་རྩེའི་མཆོད་རྟེན་དཀར་པོ་དེ་དང་བྲག་རི་འདི་གཉིས་རེད། བྲག་རི་འདིའི་འགྲམ་དུ་འཕགས་པ་ཐོགས་མེད་ཀྱིས་རྒྱལ་བ་བྱམས་པ་མི་ལོ་12་རིང་སྒོམ་ས་དེ་རེད། རྒྱ་རིགས་ཚོས་བཤད་ན། སྒོམ་ཡུན་མི་ལོ108དང་འབོད་སྲོལ་ལ花锁门ཟེར་འདུག བྲག་རི་དེ་ལ་སྐོར་ལམ་ཡག་པོ་ཞིག་འདུག་ལ། བྲག་རི་དེ་ཡང་གཞན་དང་མི་འདྲ་བའི་བྲག་རི་ཁྱད་དུ་འཕགས་པ་གཅིག་རེད།
 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...