སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
2020ལོར་འབྲི་ཆུའི་འབབ་རྒྱུད་དུ་ཉ་འཛིན་མི་ཆོག་པ་གཏན་འཁེལ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-21 9:49:00 རྩོམ་ཁུངས། མཚོ་ལྷོ་བོད་ཡིག་སྨྱན་བྱད། ཀློག་གྲངས།
     ཟླ1པོའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན། ཉེ་ལམ། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་འགྲེམ་སྤེལ་བྱས་པའིམཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་འབྲི་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་ཆུར་སྐྱེས་སྐྱེ་དངོས་སྲུང་སྐྱོབ་བྱ་བ་ལག་བསྟར་ལ་ཤུགས་སྣོན་པའི་བསམ་འཆར་བཏོན་ནས། 2020ལོར་སླེབས་དུས་མཚོ་སྔོན་ཞིང་ཆེན་གྱི་འབྲི་ཆུའི་འབབ་རྒྱུད་རྒྱལ་ཁབ་རིམ་པའི་ཆུ་ཐོན་དངོས་རིགས་ཐོན་ཁུངས་སྲུང་སྐྱོབ་ཁུལ་སོགས་ཆུ་ཁོངས་གལ་ཆེན་ནས་ཉ་གཏན་ནས་འཛིན་མི་ཆོག་པར་བྱས།
     སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་དང་ལྟ་སྐུལ་དོ་དམ་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བཏང་ནས་སྲུང་སྐྱོབ་བྱེད་ནུས་གང་ལེགས་ཀྱིས་འདོན་སྤེལ་བྱེད་པ་དང་། གལ་ཆེའི་འཚོ་གནས་ཁུལ་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་པ། ས་ཁུལ་གལ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པར་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་དང་ཆུར་སྐྱེས་སྐྱེ་དངོས་ཐོན་ཁོངས་སླར་གསོ་རང་བཞིན་གྱི་འཕར་སྣོན་འབྱུང་བར་བྱེད་རྒྱུ་རེད།
     ལག་བསྟར་བསམ་འཆར་བཏོན་པ་དེས། སྔོན་ལ་སྲུང་སྐྱོབ་བྱེད་པ་དངོས་འབེབ་བྱས་ནས་སྐྱེ་ཁམས་ཉམས་གསོ་བྱེད་པ་ཤུགས་དྲག་ཏུ་གཏོང་བ་དང་། ཁྱོན་ཡོངས་ཀྱི་བཀོད་སྒྲིག་རྒྱུན་འཁྱོངས་བྱས་ནས་མ་ལག་སྲུང་སྐྱོབ་ཉམས་གསོ་བྱེད་པ་གཞི་རྩའི་རྩ་དོན་དུ་བཟུང་།
     ལས་འགན་གཙོ་བོ་ནི་ཉ་ལས་ཆུ་ཁོངས་སྐྱེ་ཁམས་ཉམས་གསོའི་བྱ་བ་སྤེལ་བ་དང་། འཇིག་ལ་ཉེ་བའི་དངོས་རིགས་སྲུང་སྐྱོབ་བྱ་འགུལ་སྤེལ་ནས་ཆུ་ཁུངས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱེད་པ། སྐྱེ་ཁམས་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་བཏང་ནས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་དེ་རེད།
     2035ལོར་སླེབས་དུས། མཚོ་སྔོན་ཞིང་ཆེན་གྱི་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་གཏོང་བ་དང། ཆུར་སྐྱེས་སྐྱེ་དངོས་འཚོ་གནས་ཁུལ་སོགས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱས་ཏེ། ཆུར་སྐྱེས་སྐྱེ་དངོས་ཐོན་ཁུངས་མངོན་གསལ་གྱིས་འཕར་སྣོན་འབྱུང་བ་དང་། ཆུ་ཁུངས་སྐྱེ་ཁམས་བྱེད་ནུས་སླར་གསོ་འབྱུང་བ་བཅས་བྱེད་རྒྱུ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...