སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱིས་རྒྱལ་ཁོངས་ལྗང་འགྱུར་གྱི་དམིགས་ཚད་མངོན་འགྱུར་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-11 9:50:00 རྩོམ་ཁུངས། མཚོ་ལྷོ་བོད་ཡིག་སྨྱན་གསར། ཀློག་གྲངས།
     ད་ལོར་མཚོ་ལྷོ་ཁུལ་གྱིས་སྤྱི་ཆང་ཁྲི8ལྷག་གི་རྒྱལ་ཁོངས་ལྗང་འགྱུར་གྱི་དམིགས་ཚད་མངོན་འགྱུར་བྱས་པ་རེད། དམིགས་འབེན་འདི་མངོན་འགྱུར་བྱ་ཆེད། མཚོ་ལྷོ་ཁུལ་གྱིས་མུ་མཐུད་དུ་རྨ་ཆུའི་འགྲམ་རྒྱུད་ཀྱི་ལྗང་མདོག་སྒྲིབ་དངོས་འཛུགས་བསྐྲུན་དང་ས་མུའུ་ཁྲི་བརྒྱ་ལྷག་གི་ས་ཆུ་སྲུང་འཛིན་ནགས་ལས་ཁུལ་དང་ནགས་ལས་སྤུས་ཚད་ཇེ་མཐོར་གཏོང་བ། ལྗང་མདོག་ལས་རིགས་ཀྱིས་མི་དམངས་ཕྱུགས་འགྱུར་དང་རྫོང་མཁར་ལྗང་མདོག་སོགས་རྒྱལ་ཁོངས་ལྗང་འགྱུར་ཆེན་པོ་བརྒྱད་གྱི་འགུལ་སྐྱོད་མུ་མཐུད་དུ་ལག་བསྟར་བྱས་ཏེ་ནན་ཏན་སྒོས་བྱང་གསུམ་གནོད་འགོག་ནགས་ཚལ་དང་རང་བྱུང་ནགས་ཁུངས་སྲུང་སྐྱོབ། རྒྱལ་ཁབ་རིམ་པའི་གཙོ་གནད་ཀྱི་སྤྱི་ཕན་ནགས་ལས་སྲུང་སྐྱོབ་སོགས་གཙོ་གནད་ནགས་ལས་སྐྱེ་ཁམས་ལ་སྐུད་འདེད་བྱས། 
     སྔར་ལས་ལྷག་པའི་སྒོ་ནས་ཐབས་ལམ་རྒྱ་ཇེ་ཆེར་བཏང་སྟེ་འོས་འགན་ནགས་འདེབས་དང་ལྗང་མདོག་འཛུགས་བསྐྲུན་གྱི་ཐབས་ལམ་སོགས་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་དང་སྦྲེལ་ནས་ནགས་འཛུགས་འོས་འགན་མི་དམངས་དང་ཉེ་བར་བཅར་བ། དུས་མཉམ་དུ་ལུས་ཁུངས་ཀྱི་ལས་བྱེད་པ་དང་ཁེ་ལས་ཀྱི་ལས་བཟོ་བ། རོང་འབྲོག་མང་ཚོགས་སོགས་སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་མི་སྣ་དག་ནགས་འཛུགས་ལྗང་འགྱུར་གྱི་འགུལ་སྐྱོད་ཁྲོད་དུ་ཞུགས་ཏེ་ཁུལ་ཡོངས་ནས་རྣམ་པ་ལེགས་པོ་མངོན། ལས་གཞི་ལག་བསྟར་ནི་འོས་འགན་གྱི་ལག་བསྟར་ལ་འབྲེལ་ཐབས་མེད་པས། མཚོ་ལྷོ་ཁུལ་གྱིས་གཟབ་ནན་སྒོས་ཏང་སྲིད་མགོ་ཁྲིད་གཙོ་བོས་ནགས་འདེབས་ལྗང་འགྱུར་བྱ་བའི་ཁྲོད་ཀྱི་མགོ་ཁྲིད་སྒྲིག་གཞི་ལ་དུས་ལྟར་ཞིབ་འཇུག་དང་སྙོམས་སྒྲིག་བྱས་ཏེ་བྱ་བ་གཙོ་བོ་ཐག་གཅོད་བྱས་ཏེ་འོས་འགན་ནན་ཏན་སྒོས་ལག་བསྟར་བྱས། 
     2018ལོ་ནས་བཟུང་། མཚོ་ལྷོ་ཁུལ་གྱིས་གཞི་རྒྱ་ཆེ་བའི་སྒོ་ནས་རྒྱལ་ཁོངས་ལྗང་འགྱུར་ལ་སྐུད་འདེད་གཏོང་རྒྱུ་ནི་སྐྱེ་ཁམས་རིག་གནས་འཛུགས་བསྐྲུན་གྱི་ལག་ལེན་དངོས་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་གྱི་འདེགས་ཤུགས་གལ་ཆེན་སུ་བརྩིས་ཤིང་། ལྗང་མདོག་འཕེལ་རྒྱས་འདུ་ཤེས་ཀྱི་རྩ་བའི་རེ་བ་དང་ཞིང་སྡེ་དར་སྤེལ་འཐབ་ཇུས་ཀྱི་རྩ་བའི་བྱེད་སྟངས་ལག་ལེན་མཐར་ཕྱིན་བྱས་ཏེ། གཟབ་ནན་སྒོས་རྒྱལ་ཁོངས་ལྗང་འགྱུར་ལག་བསྟར་བྱས་པས་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞིའི་ཁྲོད་དུ་གྲུབ་འབྲས་མངོན་གསལ་ཐོབ་ལ།ན་ནིང་ཁུལ་ཡོངས་སུ་མ་དངུལ་སྒོར་དུང་ཕྱུར3ལྷག་བཏང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...