སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་དབུས་མཐོ་སྒང་གི་གཙང་བོ་དང་མཚོ་མཚེའུའི་ཐོན་ཁུངས།
རྩོམ་པ་པོ། དཔའ་རིས་བསོད་ནམས་ཚེ་རིང་། རྩོམ་སྒྲིག་པ། རྡོ་རྗེ་རབ་བརྟན། དུས་ཚོད། 2008-5-12 18:55:16 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
   མདོ་དབུས་མཐོ་སྒང་དུ་གཙང་བོ་དང་མཚོ། མཚེའུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་མཆིས།  འཛམ་གླིང་དུ་སྐད་གྲགས་ཆེ་བའི་ཆུ་བོ་དཔེར་ན་བོད་ལྗོངས་ཀྱི་ཤར་ཕྱོགས་ན་འབྲི་ཆུ་དང་རྨ་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ། ལྷོ་ཕྱོགས་སུ་ཡར་ཀླུང་གཙང་པོ་དང་ཉང་ཆུ། མྱང་ཆུ།  ནུབ་ཕྱོགས་སུ་ཆུ་བོ་ཁ་འབབ་བཞི་ཡོད།  མདོ་དབུས་མཐོ་སྒང་ན་ཕྱི་འབབ་ཆུ་བོ་མང་བས་ཨ་ཤེ་ཡ་གླིང་དུ་སྐད་གྲགས་ཆེ་བའི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ། མེ་ཀོང་གཙང་པོ། སར་ཝུན་གཙང་པོ།    ཡི་ལོ་ཝ་ཏི་གཙང་པོ། ཆུ་བོ་གངྒཱ་སོགས་ཀྱི་ཆུ་མགོ་ཡང་བོད་ནས་བཞུར་བ་ཡིན།  དེ་མིན་མཚོ་དང་མཚེའུ་ཆེ་ཆུང་ཆིག་སྟོང་ལྔ་བརྒྱ་ལྷག་ཡོད།  རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་ཡན་གྱི་མཚོ་ཆེན་གནམ་མཚོ་ཕྱུག་མོ་དང་བཀྲ་རི་གནམ་མཚོ། སེར་གླིང་མཚོ་བཅས་གསུམ་དང༌།  རྒྱ་ཁྱོན་སྤྱེ་ལེ་གྲུ་བཞི་མ་བརྒྱ་བརྒལ་བའི་མཚོ་སུམ་ཅུ་སོ་ལྔ།   རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ལྔ་ནས་བཅུ་བར་སུམ་བརྒྱ་ཉེར་གཅིག་ཡོད། བོད་ཀྱི་གནས་ཡིག་ན་བོད་ཡུལ་བྱང་ཕྱོགས་འབྲོག་པའི་རྩྭ་ཐང་ན། །གངས་དཀར་རི་ལས་འབབ་པའི་གཙང་པོ་རྣམས། །གཡུ་མདོག་ལྡན་པའི་མཚོ་དང་མཚེའུའི་ནང༌། །དྭངས་གཙང་བསིལ་བའི་ཆུ་སྒྲ་ལྷུང་ལྷུང་འབབ། །མཚོ་ལ་གཙང་པོ་བཀྲ་རི་གནམ་མཚོར་འབབ། །ཝ་མོ་གཙང་པོ་ངང་ལ་རིང་མཚོར་འབབ། །གཡུ་འབྲུག་གཙང་པོ་སྔོ་མཚོ་ནང་ལ་བཞུར། །སྐྱ་རུབ་གཙང་པོ་གཡི་སྦུག་ཚྭ་མཚོར་འབབ། །འབོག་ཚང་གཙང་པོ་སྟག་རྩེ་མཚོ་མོར་འབབ། །རྩྭ་སྐྱ་གཙང་པོ་སེར་གླིང་མཚོ་ལ་འབབ། །བྲག་གཙང་པོ་མ་ཕམ་གཡུ་མཚོར་འབབ།  །ཁ་འཐུང་སྐྱ་ཆུ་ཡར་འབྲོག་གཡུ་མཚོར་འབབ། །ཅེས་པ་དང༌། མདོ་དབུས་མཐོ་སྒང་གི་མཚོ་ལ་ཡང་ནང་འབབ་དང་ཕྱི་འབབ་གཉིས་སུ་དབྱེ་བ་ལས་ཕལ་ཆེ་བ་ནང་འབབ་ཡིན།  བོད་ལྗོངས་ཀྱི་གནམ་མཚོ་ཕྱུག་མོ་དང་བཀྲ་རི་གནམ་མཚོ། སེར་གླིང་མཚོ། སྐ་རིང་མཚོ། ལྷ་མོའི་བླ་མཚོ། ཕུ་མ་གཡུ་མཚོ། ཡར་འབྲོག་གཡུ་མཚོ། མ་ཕམ་གཡུ་མཚོ་དང་མཚོ་སྔོན་གྱི་མཚོ་སྔོན་པོ།  རྟ་རྫོང་གཡུ་མཚོ  ཡུན་ནན་གྱི་བས་མཐའ་མཚོ་དང་ནགས་ཕག་མཚོ། འབུས་བསྡུས་མཚོ་སོགས་ཚང་མ་ནང་འབབ་མཚོ་ཡིན།ཕྱི་འབབ་མཚོ་ལ་བོད་ལྗོངས་ཀྱི་ཀོང་པོ་རྒྱ་མདའ་རྫོང་ཁོངས་ཀྱི་བྲག་གསུམ་མཚོ་དང་སྟེང་ཆེན་རྫོང་ཁོངས་ཀྱི་སྤུས་ཐོང་མཚོ། མཚོ་སྔོན་མགོ་ལོག་ཁོངས་ཀྱི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་སོགས་ཡིན། 
   མདོ་དབུས་མཐོ་སྒང་གི་རླན་གཤེར་ས་ཁུལ་གྱི་གནས་ཚུལ་བརྗོད་ན།བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་རླན་གཤེར་ས་ཁུལ་སྟོང་ལྷག་ཡོད་ཅིང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་ཚོ་ལྷག་ཡོད་པས་རྒྱལ་ཡོངས་ནས་ཨང་དང་པོ་ཡིན།   བོད་ལྗོངས་ཀྱི་རླན་གཤེར་ས་ཁུལ་མང་པོའི་ཁྲོད་དུ་ལྷ་ས་གྲོང་ཁྱེར་གཅིག་པུ་རུ་ལྷ་ཀླུའི་རླན་གཤེར་ས་ཁུལ་སོགས་རླན་ས་ཆེ་ཆུང30ལྷག་ཡོད།གཞིས་ཀ་རྩེ་གྲོང་ཁྱེར་ཁོངས་སུ་གནས་པའི་བདེ་ཆེན་སྐལ་བཟང་ཕོ་བྲང་རླན་ས་དང་ཉིང་ཁྲིའི་དཔལ་རྒྱས་རླན་ས་སོགས་ཡོད་པ་དག་གི་གཞི་ཁྱོན་ཅུང་ཆེ།1992ལོར་རྒྱལ་སྤྱིའི་རླན་སའི་སྤྱི་ཆིངས་རྩ་འཛུགས་ཀྱིས་ཆོག་མཆན་བཀོད་པ་ལྟར་མཚོ་སྔོན་པོ་རྒྱལ་སྤྱིའི་རླན་ས་གཙོ་བོའི་མིང་ཐོར་བཀོད། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་ཡོད་པའི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་གཉིས་ནི་རྨ་ཆུའི་འབྱུང་ཡུལ་དུ་རང་བྱུང་གིས་གྲུབ་པའི་ཚྭ་མེད་མཚོ་ཨང་དང་པོ་དང་ཨང་གཉིས་པ་ཡིན།  2005ལོའི་ཟླ་གཉིས་པའི་ཚེས་གཉིས་ཉིན་རྒྱལ་སྤྱིའི་རླན་སའི་སྤྱི་ཆིངས་རྩ་འཛུགས་ཀྱིས་ཆོག་མཆན་བཀོད་པ་ལྟར་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་གཉིས་རྒྱལ་སྤྱིའི་རླན་ས་གཙོ་བོའི་མིང་ཐོར་བཀོད། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...