སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨ་ལུང་དང་ཁོང་གི་པ་ཏྲ་དུང་དཀར།
རྩོམ་པ་པོ། པདྨ་ཆོས་སྒྲོན། རྩོམ་སྒྲིག་པ། ཚེ་བརྟན་དོན་གྲུབ། དུས་ཚོད། 2008-5-21 9:32:16 རྩོམ་ཁུངས། མཚོ་སྔོན་པོ་དྲ་ཚིགས། ཀློག་གྲངས།

  པ་ཏྲ་ཞེས་པ་བཀྲ་ཤིས་མཚོན་བྱེད་རི་མོའི་གཟུགས་དང་།  དུང་དཀར་ཞེས་པ་སྔགས་པའི་རོལ་ཆ་ཁྱད་པར་ཅན་ཞིག་ཡིན་རུང་།  འདིར་བརྗོད་པར་བྱེད་པའི་པ་ཏྲ་དུང་དཀར་ནི་བོད་ཀྱི་རིག་གནས་ཕྱི་བསྒྲགས་བྱེད་པའི་ཀུས་ཟི་ཞིག་གི་མིང་ལ་ཟེར།
ཀུང་ཟི་དེས་འདུ་འཛི་ཆེ་བའི་ལྷ་སའི་བར་སྐོར་གླིང་དང་པེ་ཅིང་གྲོང་ཁྱེར་གྱི་ཀྲུང་ཀོན་ཚོན་གནས་ཕྱི་བསྒྲགས་བྱ་རྒྱུའི་ཐད་དོ་སྣང་ཆེན་པོ་བྱས་པ་རེད།

  བོད་ཀྱི་ཐུང་མོང་མ་ཡིན་པའི་ཐང་གའི་རིག་གནས་འཛམ་གླིང་ཡུལ་གྲུ་ཀུན་ལ་སྤྱན་འབུལ་ཞུ་ཆེད།  ཀུང་ཟིའི་སྤྱིན་བདག་ཨ་ལུང་གི་ལོ་གསུམ་གྱི་དུས་ཚོད་བེད་སྤྱད་དེ་བོད་ཀྱི་ས་ཆ་གང་སར་ཕེབས་ནས།    སྙན་གྲགས་ཆེ་བའི་ལྷ་རིས་པ་རྣམས་གདན་འདྲེན་ཞུས་ཏེ།  རྒྱུ་སྤུས་ལེགས་ཤིང་ཚོན་མདོག་ལེགས་པའི་གོས་ཆེན་འཐག་དྲུབས་མའི་ཐང་ག་སྤུས་དག་མང་པོ་བཞེངས་པ་རེད།  ཁོང་གིས་བོད་ཀྱི་ཐང་གའི་སྒྱུ་རྩལ་དེ་ཐགས་ཀྱི་ཐབས་ལ་བརྟེན་ནས་གོས་ཆེན་གྱི་རྣམ་པའི་ཐོག་ནས་མཚོན་ཐབས་བྱས་པ་རེད།  ཐང་ག་ནི་བོད་ཀྱི་ཤེས་བྱ་ཀུན་འདུས་ཀྱི་བང་མཛོད་ཆེན་པོ་ཞིག་ཡིན་པ་དང་།  དེར་བོད་རིགས་མི་དམངས་ཀྱི་བློ་གྲོས་རྩལ་ལས་གྲུབ་པའི་ལོ་རྒྱུས་རིག་གནས་དང་སྒྱུ་རྩལ་རིག་གནས་རྣམས་ཡོངས་སུ་འདུས་ཡོད་པས།  དད་ལྡན་བོད་རིགས་མི་དམངས་ཀྱི་དད་པ་བྱེད་སའི་རྟེན་གལ་ཆེན་ཞིག་རེད།

  ཨ་ལུང་གིས་ད་དུང་བོད་ཀྱི་ཁུ་ལུའི་ཁ་དཀྲིས་ལ་སོགས་པའི་ཐུན་མོང་མ་ཡིན་པའི་དངོས་རྫས་དང་རང་གི་བློ་གྲོས་ཀྱི་རྩལ་ལས་བཟོས་པའི་ཁྱད་ཐོན་ཚོང་རྫས་མང་པོ་ཉོ་འཚོང་དང་དེར་བརྟེན་ནས་བོད་ཀྱི་རིག་གནས་ཕྱི་བསྒྲགས་ལ་འབད་འབུངས་བྱེད་བཞིན་ཡོད།

  མ་འོངས་པ་ན་ཨ་ལུང་ཁོང་གིས་བོད་ཟས་ཟ་ཁང་ཞིག་ཀྱང་གཉེར་རྩིས་ཡོད་ཅེས་གསུངས་བཞིན་ཡོད་དོ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...