སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་དངུལ་ཐང་།
རྩོམ་པ་པོ། ཚེ་བརྟན་དོན་གྲུབ རྩོམ་སྒྲིག་པ། ལྷ་མོ་ཚེ་སྐྱིད། དུས་ཚོད། 2008-7-8 10:54:27 རྩོམ་ཁུངས། མཚོ་སྔོན་པོའི་དྲ་ཚིགས ཀློག་གྲངས།

  མཚོ་སྔོན་པོའི་ཉེ་སར་གནས་ཤིང་བྱང་ཤར་གཉིས་ལ་གཏོས་ཆེ་བའི་རི་བོས་བརྒྱན།  ལྷོ་ནི་ཧེའེ་ཡན་རྫོང་གི་ཟུར་གསུམ་གྲོང་རྡལ་དུ་བསྣོལ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༡༡༠༠་ཙམ་ཡོད་པའི་རྩ་ཐང་འདི་ནི་གླིང་ན་གྲགས་པ་ཆེ་བའི་གསེར་དངུལ་ཐང་ཡིན།
  དུས་རབས་མང་པོར་གསེར་དངུལ་ཐང་ན་འཚོ་སྡོད་བྱེད་པའི་བོད་རིགས་མི་དམངས་ཀྱིས་ ཁ་གྲངས་འབུམ་གསུམ་ཡས་མས་ཀྱི་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་བཞིན་ཡོད།  དབྱར་དུས་སུ་མེ་ཏོག་སྣ་ཚོགས་བཞད་པའི་དྲི་བསུང་དང་འཇོལ་མོའི་གསུངས་སྙན་གྱིས་ཕྱོགས་བཅུའི་མགྲོན་པོ་པང་དུ་འདྲེན་བཞིན་ཡོད།
  གནས་འདིར་ཧ་ཅང་མཛེས།  མཛེས་པས་ཁྱེད་ཀྱི་ཡིད་དབང་ཅིག་ཅར་འཕྲོག  གནས་འདིར་ཧ་ཅང་མཐོ།  མཐོ་བས་ནམ་མཁའི་ཆུ་འཛིན་ལག་པས་འཛིན།  གནས་འདིར་ཧ་ཅང་སྔོ།  སྔོ་ཞིང་སངས་པའི་ནམ་མཁར་ཉི་ཟླས་བརྒྱན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...