སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལུང་པ་དོན་གྲུབ་ཀྱིས་རྒྱལ་ཡོངས་བོད་ཁུལ་གྱི་ཁྲིམས་དཔོན་ལ་གསོ་སྦྱོང་སློབ་ཁྲིད་གནང་།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-7-28 10:31:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ལུང་པ་དོན་གྲུབ་ཀྱིས་རྒྱལ་ཡོངས་བོད་ཁུལ་གྱི་ཁྲིམས་དཔོན་པར་གསོ་སྦྱོང་སློབ་ཁྲིད་གནང་།
ཁྲིམས་ལུགས་འབུམ་རམས་པ་ལུང་པ་དོན་གྲུབ་ཀྱིས་རྒྱལ་ཡོངས་བོད་ཁུལ་གྱི་ཁྲིམས་དཔོན་ལ་གསོ་སྦྱོང་སློབ་ཁྲིད་གནང་།

     དེ་ཡང་རྒྱལ་ཡོངས་བོད་ཁུལ་གྱི་ཁྲིམས་དཔོན་ལ་གསོ་སྦྱོང་དང་བོད་རྒྱ་སྐད་གཉིས་ཀྱི་ཞིབ་དཔྱོད་ལག་ལེན་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བར། ཟླ7པའི་ཚེས16ནས་ཚེས22བར། ཐེངས་དང་པོའི་རྒྱལ་ཡོངས་བོད་ཁུལ་གྱི་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་བོད་རྒྱ་སྐད་གཉིས་ཀྱི་འདྲི་གཅོད་བྱ་བའི་གསོ་སྦྱོང་འཛིན་གྲྭ་དེ་འབྲུག་ཆུ་རུ་བསྡུས་ཤིང་། རྒྱལ་ཡོངས་ཞིང་ལྗོངས་ལྔ་སྟེ་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན།  ཡུན་ནན་སོགས་ཀྱི་བོད་རིགས་རང་སྐྱོང་ཁུལ10དང་དེར་གཏོགས་པའི་རྫོང་གི་ཁྲིམས་ཁང་མ་ལག90ལྷག་གི་རྒྱ་རིགས་དང་། བོད་རིགས། ཧོས་རིགས། པེ་རིགས། ནཱ་ཞི་རིགས་སོགས་ཁྲིམས་ཁང་གི་ཁྲིམས་དཔོན་དང་ཁྲིམས་དཔོན་གཞོན་པ100ལྷག་ལ་གཅིག་བསྡུས་ཀྱིས་གསོ་སྦྱོང་གནང་བ་རེད།
     གསོ་སྦྱོང་གི་སྐབས་སུ།  ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་། ཀན་སུའུ་ཞིང་ཆེན་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུའི་མི་རིགས་ཁྲིམས་དཔོན་གསོ་སྦྱོང་གནས་གཞི་སོགས་ལས་ཁུངས་ཀྱི་ཆེད་དུ་གདན་འདྲེན་འོག ཀྲུང་གོའི་ཁྲིམས་ལུགས་སློབ་ཚོགས་ཀྱི་ཚོགས་མིའམ་རྒྱལ་ཡོངས་ཁྲིམས་ཁང་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་དགེ་རྒན། ཀྲུང་གོའི་ཁྲིམས་ལུགས་ལོ་རྒྱུས་ཞིབ་འཇུག་ཚོགས་པའི་འགན་འཛིན། ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་ཁྲིམས་ལུགས་འབུམ་རམས་ཕྱི་ཚར། ཁྲིམས་ལུགས་རབ་འབྱམས་པའི་ཁྲིད་སྟོན་དགེ་རྒན། ནུབ་བྱང་མི་རིགས་སློབ་ཆེན་ཁྲིམས་ལུགས་རིག་པའི་སློབ་གླིང་གི་ལུང་པ་དོན་གྲུབ་ཀྱིས《བོད་ཀྱི་སྲོལ་ཁྲིམས་དང་ཁྲིམས་འཛིན་འདྲི་གཅོད》ཅེས་པ་ཁ་བྱང་དུ་བྱས་ཏེ་བོད་ཀྱི་གནའ་བོའི་དམངས་སྲོལ་དང་ཆོས་ལུགས། གོམས་སྲོལ་ཁྲིམས་ལུགས་ཀྱི་ལོ་རྒྱས་འཕེལ་འགྱུར་དང་ཀྲུང་གོས་མཐའ་ཁུལ་སྐྱོང་བའི་ཁྲིམས་ལུགས་སྲིད་ཇུས་སོགས་ཀྲུང་གོས་གསར་དུ་སྤེལ་བའི་ཁྲིམས་འཛིན་བཅོས་སྒྱུར་སོགས་ཀྱི་ཐད་ནས་གསོ་སྦྱོང་འཛིན་གྲྭར་སྐྱེས་སྟོབས་ལྡན་པའི་སློབ་ཁྲིད་ཐེངས་ཤིག་གནང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...