སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཉི་ཧོང་ཏཱ་ཀུའུ་སློབ་ཆེན་གྱི་དགེ་རྒན་ཧྥུ་ཐེམ་དབྱང་གིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་སློབ་ཁྲིད་གནང་།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2014-9-28 10:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ཉི་ཧོང་ཏཱ་ཀུའུ་སློབ་ཆེན་གྱི་དགེ་རྒན་ཧྥུ་ཐེམ་དབྱང་གིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་སློབ་ཁྲིད་གནང་།
ཉི་ཧོང་ཏཱ་ཀུའུ་སློབ་ཆེན་གྱི་དགེ་རྒན་ཧྥུ་ཐེམ་དབྱང་གིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་སློབ་ཁྲིད་གནང་།

     ཟླ9བའི་ཚེས10ནས་ཚེས21བར། ཉི་ཧོང་ཏཱ་ཀུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་མིང་དུ་གྲགས་པའི་བོད་རིག་པའི་ཆེད་མཁས་པ་ཧྥུ་ཐེམ་དབྱང་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་གདན་འདྲེན་གནང་བ་ལྟར་སློབ་གླིང་གི་དགེ་སློབ་རྣམས་ལ་ཆོས་ལུགས་རིག་པ་དང་། གཏན་ཚིག་རིག་པའི་ཐད་ནས་སློབ་ཁྲིད་གནང་ལ། སྔ་གཞུག་ཏུ་སློབ་མ1200ལྷག་གིས་སློབ་ཁྲིད་ལ་གསན་པ་རེད།


སློབ་ཁྲིད་ཀྱི་ཟུར་ཞིག

     ཧྥུ་ཐེམ་དབྱང་གིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་དུས་ཡུན་ཉིན་བཅུའི་རིང་གི་སློབ་ཁྲིད་ཁྲོད་བོད་རིག་པའི་སློབ་གླིང་གི་ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མའི་ཆེད་ལས་དགོས་མཁོ་ལྟར། ཞིབ་འཇུག་སློབ་མར་ཁ་གཏད་དེ་རིག་གཞུང་ཞིབ་འཇུག་བྱ་ཐབས་དང་། བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་ཞིབ་འཇུག  རྗེ་ཙོང་ཁ་པའི་དབུ་མའི་ལྟ་བ་ཞིབ་འཇུག  ནང་བསྟན་གཏན་ཚིག་རིག་པ་སོགས་རིག་གཞུང་གནད་དོན་སྐོར་དང་། དངོས་གཞི་སློབ་མར་ཁ་གཏད་དེ་བོད་བརྒྱུད་ནང་བསྟན་བགྲོ་གླེང་དང་དབྱེ་ཞིབ་དང་། བོད་བརྒྱུད་ནང་བསྟན་ཞིབ་འཇུག་བྱེད་པའི་ནུས་ཐུབ་རང་བཞིན་སོགས་ཆེད་དོན་སློབ་ཁྲིད་གནང་བ་རེད།
     ཧྥུ་ཐེམ་དབྱང་ནི་རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་སུ་མཚན་སྙན་ཆེན་པོ་རྒྱས་ཤིང་། བོད་བརྒྱུད་ཚད་མ་རིག་པ་དང་། དབུ་མའི་ལྟ་བ། རྒྱ་གར་གྱི་ནང་བསྟན་ཚད་མ་རིག་པ་སོགས་ཀྱི་ཐད་ནས་ཞིབ་འཇུག་གཏིང་ཟབ་པ་དང་། བརྩམས་ཆོས་ཀྱང་མང་པོ་བརྩམས་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...