སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་བོད་སྐད་ཡིག་རྩོམ་རིག་དཔེ་ཁྲིད་ཚན་ཞིབ་རུ་ཁག་གི་རིག་གཞུང་ལོ་ཚོགས་བསྡུས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-3-19 10:57:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཟླ3པའི་ཚེས14ཉིན། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་གིས2014ལོའི་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་བོད་རིག་པའི་རིག་གཞུང་གླེང་སྟེགས་དང་ཞིང་ཆེན་རིམ་པའི་གལ་ཆེ་བའི་རིག་ཚན་ཏེ་བོད་སྐད་ཡིག་རྩོམ་རིག་དཔེ་ཁྲིད་ཚན་ཞིབ་རུ་ཁག་གི་རིག་གཞུང་ལོ་ཚོགས་བསྡུས་ཤིང་། མི་རིགས་དགེ་ཐོན་སློབ་གླིང་གི་གླིང་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་དང་། བོད་སྐད་ཡིག་རྩོམ་རིག་སྡེ་ཁག་གི་འགོ་གཙོའམ་དགེ་རྒན་ཆེན་མོ་སྟོབས་ལྡན་དང་། བོད་སྐད་ཡིག་རྩོམ་རིག་སྡེ་ཁག་གི་ཧྲུའུ་ཅི་རིན་ཆེན་ནོར་རི་སོགས་མིང་གྲགས་དགེ་རྒན་ཆེན་མོ་དང་ཆེད་མཁས་པ20ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
     གྲོས་ཚོགས་སུ་གཙོ་ཆེར་དགེ་རྒན་རྣམས་ཀྱིས་དཔེ་ཁྲིད་ནུས་པ་ཇི་ལྟར་མཐོར་འདེགས་སུ་གཏོང་བ་དང་། ཕྱི་རྒྱལ་གྱི་དཔེ་ཁྲིད་ལག་ལེན་ཁྲོད་ཉམས་མྱོང་བླངས་པའི་རྣམ་པ། རྒྱལ་ནང་གི་མི་རིགས་མཐོ་རིམ་སློབ་གྲྭའི་ཁྲོད་རང་སློབ་གྲྭའི་སྐད་གཉིས་དཔེ་ཁྲིད་ཐད་ནས་ཞིབ་འདང་རྒྱག་པ། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལྟ་བའི་ཐད་ཀྱི་བསམ་བློ་འགའ་སོགས་ནས་རང་སོ་སོའི་བསམ་ཚུལ་བརྗོད་ཅིང་།  དེའི་མཚུངས་སུ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་གི་སློབ་མས་ངེས་པར་ཀློག་དགོས་པའི་དཔེ་དེབ་དང་ངེས་པར་བློར་འཛིན་དགོས་པའི་ཁག་གཏན་འཁེལ་བྱས་ཏེ་སློབ་མ་རྣམས་ཀྱི་རྨང་གཞིའི་ནུས་པ་བསྐྱེད་སྲིང་དང་རིག་གཞུང་གསར་རྩོམ་ཐད་ཁ་དབུགས་ལེགས་པོ་བསྐྲུན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...