སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བོད་སྐད་གཏམ་བཤད་འགྲན་བསྡུར་སྤེལ་བ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-4-4 9:55:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བོད་སྐད་གཏམ་བཤད་འགྲན་བསྡུར་སྤེལ་བ།

     ཟླ4བའི་ཚེས2ཉིན། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་བོད་སྐད་གཏམ་བཤད་འགྲན་བསྡུར་སྐབས་བདུན་པ་དེ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྡུས་ཤིང་། སློབ་གླིང་གི་མདོ་དབུས་ཁམས་གསུམ་ནས་ཡོང་བའི་འགྲན་ཞུགས་པ10ལྷག་གིས་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་ལས་རང་གི་ཡུལ་སྐད་མ་ཡིན་པའི་སྐད་ཀྱི་ཐོག་ནས་གཏམ་བཤད་དང་། ཀློག་འདོན། སྒྲ་ཕབ་ལ་ཉན་རྗེས་བསྐྱར་འདོན་བཅས་ཀྱི་འགྲན་བསྡུར་བྱས་པ་རེད།
     ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར་དབུས་གཙང་གི་སློབ་གྲོགས་བློ་བཟང་བསྟན་འཛིན་ལ་ཨ་མདོའི་སྐད་བཤད་པ་ལས་བྱ་དགའ་ཨང་དང་པོ་དང་། འགྲན་ཞུགས་གཞན་དག་ལའང་ཨང་གཉིས་པ་དང་གསུམ་པ། རྟིང་སྐུལ་བྱ་དགའ་བཅས་བསྩལ་བ་རེད།
     མཇུག་མཐར། གླིང་གཙོ་ཚེ་རིང་ཐར་གྱིས་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཐད་ཕན་ཚུན་སློབ་སྦྱོང་བྱེད་རྒྱུ་དང་། སློབ་སྦྱོང་གི་ཐབས་ལམ། སློབ་སྦྱོང་བྱེད་པའི་དགེ་མཚན་སོགས་ཀྱི་ཐད་ནས་གསུང་བཤད་གལ་ཆེན་གནང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...