སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་དགེ་རྒན་དག་གིས་ཡིག་གཟུགས་ཚད་ལྡན་འབྲི་བའི་འཆད་ཁྲིད་སྤེལ་བ།
རྩོམ་པ་པོ། བོང་སྟག་རི་ལུ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-4-8 9:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

བོང་སྟག་རི་ལུ།
ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་དགེ་རྒན་དག་གིས་
ཡིག་གཟུགས་ཚད་ལྡན་འབྲི་བའི་འཆད་ཁྲིད་སྤེལ་བ།

     དགེ་རྒན་རྣམས་ཀྱི་ཆེད་ལས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། ཕྱོགས་ཡོངས་ཀྱི་ནུས་པ་མཐོར་འདེགས་དང་ཡིག་གཟུགས་ཚད་ལྡན་འབྲི་བའི་གོམས་གཤིས་རྒྱུན་འཁྱོངས་བྱེད་ཆེད། ཉེ་ཆར། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པ་རུ་མཚོ་སྔོན་དགེ་ཐོན་སློབ་ཆེན་ཁོང་གཏོགས་སློབ་ཆུང་གི་སློབ་གཙོ་བཱང་ཧེ་ཕེན་གྱིས་དགེ་སློབ་ཡོངས་ལ་ཡིག་གཟུགས་འབྲི་སྦྱོང་གི་འཆད་ཁྲིད་ཕུན་སུམ་ཚོགས་པའི་ཐེངས་ཤིག་བྱས།
     ཐེངས་འདིའི་འཆད་ཁྲིད་ལ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པའི་དགེ་རྒན་སྐོར་ཞིག་ཞུགས་ཡོད་ལ། ཡིག་གཟུགས་ནི་མི་རིགས་གང་ལ་མཚོན་ན་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པས། དེ་དར་སྤེལ་དང་རྒྱུད་འཛིན་བྱེད་རྒྱུ་ནི་མི་རིགས་རང་རང་གི་ཕྲག་ཏུ་བབས་པའི་འོས་འགན་ཞིག་རེད། ལྷག་ཏུ་རི་མོའི་སྒྱུ་རྩལ་དང་ཡིག་གཟུགས་སྒྱུ་རྩལ་ལ་མཚོན་ན་མི་རིགས་གང་ཡིན་ཡང་ངོ་བོའི་ཆ་ནས་འབྲི་སྟངས་ཤིག་ཏུ་ངེས་པས། ཐེངས་འདིའི་ཡིག་གཟུགས་འབྲི་སྟངས་ཀྱི་ཟབ་སྦྱོང་བརྒྱུད་ནས་དགེ་རྒན་རྣམས་ཀྱི་ཡིག་གཟུགས་འབྲི་སྟངས་ཐད་ལ་ཤེས་བྱ་མི་དམན་པ་རེ་ཐོབ་ཡོད།
     མཇུག་མཐར་ཐེངས་འདིའི་འཆད་ཁྲིད་ལ་གྲུབ་འབྲས་ལེགས་པོ་ཞིག་ལོན་ཆེད། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པའི་སློབ་གཙོ་ཐུབ་བསྟན་ཚེ་རིང་གིས་སློབ་གྲྭའི་དགེ་རྒན་དག་ལ་རྒྱ་ཡིག་དང་བོད་ཡིག་གང་རུང་གིས་ཡི་གེ་འབྲི་བར་ཚད་ལྡན་གྱི་ཕྱོགས་སུ་བསྐྱོད་དགོས་པའི་སྐོར་ནས་རེ་བ་བཏོན་པ་དང་། འཆད་ཁྲིད་འདི་བརྒྱུད་ནས་དགེ་རྒན་དག་གིས་ཡིག་གཟུགས་འབྲི་སྟངས་ཀྱི་ཐད་ནས་ཚད་ལྡན་དུ་གཏོང་བར་ནུས་པ་གང་ལེགས་ཐོན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...