སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་སྐོར་གྱི་འཆད་ཁྲིད་སྤེལ་བ།
རྩོམ་པ་པོ། འབྲུག་བྱམས་རྒྱལ། རྩོམ་སྒྲིག་པ། Michung དུས་ཚོད། 2017-5-24 10:24:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
         གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཉེ་སྔོན། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སློབ་སྟོན་ཁྲུའུ་ཡིས་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ལེགས་བཅོས་དང་ཤེས་བྱའི་སྤུས་ཚད་མཐོར་འདེགས་གཏོང་ཆེད་མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་དྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དགེ་བཤེས་རྡོ་རམས་པ་ཁ་སྒང་ལུང་རིགས་རྒྱ་མཚོ་ཚང་གདན་དྲངས་ནས་བོད་ཡིག་དགེ་རྒན་དང་སྐད་གཉིས་དགེ་རྒན70ལྷག་ལ་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་སྐོར་གྱི་འཆད་ཁྲིད་སྤེལ།
         འཆད་ཁྲིད་ཀྱི་གོ་རིམ་ཁྲོད་དགེ་བཤེས་ལུང་རིགས་རྒྱ་མཚོས་རིག་པའི་གནས་ལ་སློབ་པའི་དགོས་པ་དང་དེའི་གལ་ཆེན་རང་བཞིན། བྱང་ཆུབ་སེམས་ཀྱི་ཕན་ཡོན་དང་དེའི་སྤྱོད་པར་བསླབ་འོས་པའི་གནས་ལུགས། བཤེས་གཉེན་བསྟེན་ཚུལ་དང་འདུ་ཤེས་འཛིན་སྟངས། གཞན་ཕན་གྱི་བསམ་བློ་དང་སྙིང་རྗེ། ལས་འབྲས་བརྩི་ལུགས་སོགས་དགེ་རྒན་ཞིག་ལ་ཚང་འོས་པའི་གནད་དག་ཟུར་དུ་ཕྱུང་ནས་རྒྱབ་རྟེན་གྱི་ལུང་དྲངས་བས་ཁུངས་བཙུན་པ་དང་། སྒྲུབ་བྱེད་ཀྱི་རིགས་པས་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པ། མཚོན་བྱེད་ཀྱི་དཔེ་དྲངས་པས་གོ་སླ་བ། དོན་དངོས་དང་ཉམས་མྱོང་ཟུང་དུ་འབྲེལ་བས་གདམས་ངག་གི་བཅུད་ཐོན་པ་མ་ཟད། གཞུང་ལུགས་ཀྱི་དཀའ་གནད་དག་གསོན་ཉམས་ལྡན་པའི་གཏམ་རྒྱུད་དང་དངོས་བྱུང་དཔེར་མཚོན་དག་དང་སྦྱར་བ་ལ་སོགས་པའི་རྨད་བྱུང་གསུང་གི་བདུད་རྩི་ལྷུག་པོར་བསྩལ་བས་ཁྲིད་ཞུགས་དགེ་རྒན་རྣམས་ཀྱི་ཡིད་ཀྱི་དང་བ་ཅིག་ཅར་ཏུ་དྲངས་པ་དང་། རྗེས་སོར་གཞན་ཕན་གྱི་བསམ་བློ་སྔོན་དུ་བཏང་ནས་སློབ་བུ་སྐྱོང་ཐབས་ཐད་ལ་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ནུས་པ་བླ་ལྷག་ཐོན།
འཆད་ཁྲིད་ཀྱི་ཟུར་ཅིག

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...