སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱི་བོད་རྒྱ་ཡིག་སྒྱུར་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་ཆབ་ཆ་ནས་བསྡུས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-7-24 15:12:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ལྷོ་ཁུལ་བོད་སྐད་ཨུ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་མཛད་སྒོ་ལ་མདོ་འཛིན་
དང་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་སུང་ལེན་གྱིས་གཏམ་བཤད་གལ་ཆེན་གནང་།

    སྤྱི་ཟླ7པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་དང་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་སྒྲུབ་གནང་བའི་དུས་ཡུན་ཉིན་ལྔའི2017ལོའི་མཚོ་ལྷོ་ཁུལ་བོད་རྒྱ་ཡིག་སྒྱུར་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་དེ་མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསོ་སྦྱོང་ལྟེ་གནས་སུ་བསྡུས།


མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལོ་ཙཱའི་ཕྱོགས་ལ་ཉམས་མྱོང་ལྡན་པའི་ལས་མི་རྒན་པ་
ལྷ་འབྲུག་རྒྱལ་གྱིས《གཞུང་ཡིག་ལོ་ཙཱའི་ཐབས་ལམ་སྐོར་བཤད་པ》ཞེས་སློབ་ཁྲིད་གནང་བ།
    ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་དགེ་རྒན་ལ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ཆེན་མོ་སྐལ་བཟང་འབུམ་དང་། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གསོ་སྦྱོང་རྟེན་གཞིའི་སློབ་སྟོན་ཁྲུའུ་ཡི་འགོ་གཙོ་བཀྲ་ཤིས་ཚེ་རིང་། བྲག་དཀར་རྫོང་བོད་སྐད་ཨུ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་པདྨ་རིག་འཛིན་བཅས་གདན་ཞུ་གནང་ཡོད་ཅིང་། དེ་མིན་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལོ་ཙཱའི་ཕྱོགས་ལ་ཉམས་མྱོང་ལྡན་པའི་ལས་མི་རྒན་པ་ལྷ་འབྲུག་རྒྱལ་དང་བདེ་ཆེན་མཚོ། རྡོ་རྗེ་རིན་ཆེན། སྨན་བླ་ཐར་བཅས་ཀྱིས་ལོ་ཙཱའི་ཉམས་མྱོང་གི་ཐད་ནས་སློབ་ཁྲིད་བྱེད་པ་ཡིན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ལྔའི་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་དང་། རྫོང་ཁག་སོ་སོའི་རླུང་བརྙན་འཕྲིན་ཁང་། སྲིད་ཁྲིམས་དང་ཞིབ་དཔྱོད་ཁང་བཅས་ཀྱི་རྐང་འཛིན་ལོ་ཙཱ་པ40ལྷག་ཞུགས། གསོ་སྦྱོང་འཛིན་གྲྭར་ཁུལ་བོད་སྐད་ཨུ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་མཛད་པ་དང་། ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་སུང་ལེན་གྱིས་གསོ་སྦྱོང་འཛིན་གྲྭའི་སྟེང་ནས་བོད་རྒྱ་ཡིག་རིགས་ཟུང་གི་ལོ་ཙཱའི་གལ་ཆེན་རང་བཞིན་དང་ལོ་ཙཱ་བའི་འགན་ནུས་སོགས་ཀྱི་ཐད་ནས་གཏམ་བཤད་གལ་ཆེན་གནང་།  དེའི་རྗེས། སྔ་དྲོའི་དུས་ཚོད་བེད་སྤྱད་དེ་མཚོ་ལྷོ་ཁུལ་བོད་སྐད་ཨུ་གཞུང་ལས་ཁང་ལོ་ཙཱ་ཚན་ཁག་གི་ལོ་ཙཱ་བ་ལྷ་འབྲུག་རྒྱལ་གྱིས་རྒྱ་བོད་སྲིད་འཛིན་གཞུང་ཡིག་གི་ལོ་ཙཱའི་སྐོར་གྱི་གཏམ་གླེང་ཞེས་པ་ལས་མགོ་བརྩམས་ཏེ། ཐེངས་འདིའི་ཉིན་ལྔའི་རིང་གི་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭའི་དབུ་དངོས་སུ་ཚུགས།

ཡུལ་དངོས་ཀྱི་རྣམ་པ།
    ཐེངས་འདིའི་སློབ་ཁྲིད་ལ་དགེ་རྒན་ཆེན་མོ་སྐལ་བཟང་འབུམ་གྱི《རྒྱ་བོད་ལོ་ཙཱའི་ཐབས་ལམ》དང་། བཀྲ་ཤིས་ཚེ་རིང་གི《ཁྲིམས་ལུགས་ལོ་ཙཱའི་གཞུང་ལུགས་དང་ལག་ལེན》། པདྨ་རིག་འཛིན་གྱི《སྒོ་བྱང་གི་ལོ་ཙཱའི་བྱེད་སྟངས་སྐོར་ཅུང་ཙམ་གླེང་བ》། ལྷ་འབྲུག་རྒྱལ་གྱི《གཞུང་ཡིག་ལོ་ཙཱའི་ཐབས་ལམ་སྐོར་བཤད་པ》དང་བདེ་ཆེན་མཚོའི《ལོ་ཙཱའི་ལག་ལེན་ལས་ཐ་སྙད་བསྒྱུར་ཚུལ་བྱེ་བྲག་ཏུ་བཤད་པ》། རྡོ་རྗེ་རིན་ཆེན་གྱི《རྒྱ་བོད་ཡིག་སྒྱུར་ལས་ཆབ་སྲིད་ཀྱི་འགྱུར་སྐྱོན་དང་བློ་བསྐྱེད་སྐོར་གྱི་མྱོང་དཔྱད་ཕྲན་བུ》། སྨན་བླ་ཐར་གྱི《ཡོངས་འཛིན་ངོ་སྤྲོད་དང་རྒྱུ་ཆའི་མཛོད་ཀྱི་འཛུགས་སྐྲུན》བཅས་བཀོད་སྒྲིག་བྱས་ཡོད་ལ། གཞན་ཡང་བགྲོ་གླེང་དང་ཡུལ་དངོས་ལྟ་སྦྱོང་སོགས་འདུས།

མཉམ་པར།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...