སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ལྗོངས་ཀྱི་འབུམ་རམས་པ་སློབ་མ་ཁག་དང་པོའི་དཔྱད་རྩོམ་བགྲོ་གླེང་ལ་གྲོས་འཆམ་བྱུང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-10-10 9:29:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

     སྤྱི་ཟླ10བའི་ཚེས7ཉིན། བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་དུ་སློབ་གཉེར་བྱེད་པའི་བོད་རིགས་འབུམ་རམས་པ་སློབ་མ་གསུམ་གྱི་དཔྱད་རྩོམ་བགྲོ་གླེང་ལ་གྲོས་འཆམ་བྱུང་ཞིང་། དེས་བོད་ལྗོངས་ས་གནས་རང་ནས་གསོ་སྐྱོང་བྱས་པའི་བོད་རིགས་འབུམ་རམས་པ་སློབ་མ་ཁག་དང་པོ་སློབ་ཐོན་བྱེད་གྲབས་ཡོད་པ་མཚོན་པ་རེད།
     བོད་ལྗོངས་སློབ་གྲྭ་ཆེན་མོར2013ལོར་འབུམ་རམས་པའི་སློབ་གནས་སྩོལ་བའི་སྡེ་ཚན་དུ་གྱུར་པ་དང་། དེའི་ནང་དུ་མི་རིགས་རིག་པ་དང་། ཀྲུང་གོའི་སྐད་ཡིག་རྩོམ་རིག་རིག་པ། སྐྱེ་ཁམས་རིག་པ་གསུམ་གྱི་འབུམ་རམས་པའི་སློབ་གནས་ནི་རིམ་པ་དང་པོའི་སློབ་ཚན་གྱི་དབང་ཆ་གནང་བ་རེད། ཐེངས་འདིར་དཔྱད་རྩོམ་བགྲོ་གླེང་ལ་གྲོས་འཆམ་བྱུང་བའི་འབུམ་རམས་པ་སློབ་མ་གསུམ་ནི་སོ་སོ་མི་རིགས་རིག་པ་ཁོངས་ཀྱི་བོད་ཀྱི་ལོ་རྒྱུས་ཆེད་སྦྱོང་སློབ་ཚན་དང་། ཀྲུང་གོའི་སྐད་ཡིག་རྩོམ་རིག་རིག་པའི་ཁོངས་ཀྱི་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་སྦྱོང་སློབ་ཚན་དུ་སློབ་གཉེར་བྱེད་མཁན་ཡིན་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...