སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བྲག་དཀར་རྫོང་གིས་ཆུང་འབྲིང་སློབ་གྲྭའི་དགེ་རྒན་གྱི་ལེགས་རྩོམ་འགྲན་སྡུར་སྤེལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-28 10:38:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།

     གསུང་རབ་སྙན་ངག་ནི་རང་རེའི་རྩོམ་རིག་བང་མཛོད་ཁྲོད་ཀྱི་རིན་ཆེན་ནོར་བུ་དང་བློ་གྲོས་ཀྱི་ཉིང་བཅུད་ཡིན་ལ། མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་བྱུང་བའི་མཚན་རྟགས་དང་འོད་སྣང་གིས་སྤྲོས་པའི་ཉི་མ་ལྟ་བུ་ཡིན། བྲག་དཀར་རྫོང་གིས་ཤེས་རིག་གི་སྣང་བ་ལ་བརྟེན་ནས་མིའི་བློ་སྤོབས་བསྐྱེད་ཐབས་སུ་ཆུང་འབྲིང་སློབ་གྲྭའི་ལེགས་རྩོམ་གྱེར་འདོན་གྱི་བྱེད་སྒོ་སྤེལ་བའི་རྣམ་པ་ལ་བརྟེན་ནས་སློབ་རའི་རྣམ་ཤེས་གསར་བཞེངས་དང་རིག་གནས་རྒྱུད་འཛིན། རྡོག་རྩ་གཅིག་སྒྲིལ་བཅས་ལ་ནུས་པ་བླ་ལྷག་ཐོན་ཡོད།

     ཏང་གི་ཚོགས་ཆེན་བཅུ་དགུ་བའི་ནང་གསལ་པོར་བསྟན་དོན། ཚད་མཐོའི་རིག་གནས་ཀྱི་གདེང་ཚོད་མེད་ཚེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་ཐབས་མེད་ལ། རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན་པས། རིག་གནས་དར་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་། རིག་གནས་སྟོབས་དང་ལྡན་ན་མི་རིགས་སྟོབས་ལྡན་ཏུ་འགྱུར་ངེས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་སློབ་རའི་ཁོར་ཡུག་སྤྲོ་སེམས་ཅན་དུ་གཏོང་ཆེད། ཉེ་ལམ། བྲག་དཀར་རྫོང་སློབ་གསོ་ཅུས་མི་རིགས་སློབ་འབྲིང་གཉིས་པ་རུ་རྫོང་ཡོངས་ཀྱི་ཆུང་འབྲིང་སློབ་གྲྭའི་དགེ་རྒན་གྱི་བོད་རྒྱ་དབྱིན་གསུམ་གྱི་ལེགས་རྩོམ་གྱེར་འདོན་འགྲན་སྡུར་སྐབས་དང་པོ་སྤེལ།

     ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད་ནས་དཔེ་ཀློག་རང་བཞིན་གྱི་སློབ་གྲྭའི་རྣམ་པ་གསར་བ་བཏོད་པར་ཕན་པ་མ་ཟད། དགེ་རྒན་རྣམས་ཀྱི་སྲོལ་རྒྱུན་རིག་གནས་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་སོང་ལ། སློབ་མ་ལ་དཔེ་སྟོན་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ཐབས་ལམ་སྣ་མང་བརྒྱུད་ནས་རང་རེའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བརྒྱུད་ནས་དགེ་རྒན་ཚོས་སྤོབས་སེམས་དང་ཡིད་ཆེས་མཐོ་རུ་བཏེགས་ལ།དགེ་རྒན་རྣམ་གྱི་བྱང་ཚད་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་པར་སྐུལ་ལྕགས་ཐེབས་ཡོད།



འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...