སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཡོངས་བོད་རྒྱ་སྐད་གཉིས་འཆམ་མཐུན་སྡེ་བ་དཔའ་རིས་རྫོང་མི་རིགས་སློབ་འབྲིང་དུ་གཟབ་རྒྱས་ངང་སྤེལ།
རྩོམ་པ་པོ། འབྲུག་བྱམས་རྒྱལ། རྩོམ་སྒྲིག་པ། Michung དུས་ཚོད། 2017-3-31 14:49:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
རྒྱལ་ཡོངས་བོད་རྒྱ་སྐད་གཉིས་འཆམ་མཐུན་སྡེ་བ་བསྐྱེད་སྲིང་ལས་འགུལ་དཔའ་རིས་རྫོང་མི་རིགས་སློབ་འབྲིང་དུ་གཟབ་རྒྱས་ངང་སྤེལ།

2017ལོའི་ཟླ3པའི་ཚེས་30ཉིན། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་གྲངས་ཉུང་མི་རིགས་སྐད་ཡིག་ལས་དོན་ཚོགས་འདུའི་དགོངས་དོན་དང་རྒྱལ་ཁབ་དམངས་ཨུའི་སྐད་གཉིས་འཆམ་མཐུན་ལས་གཞི་དོན་འཁྱོལ་ལེགས་པོ་བྱེད་ཆེད་རྒྱལ་ཡོངས་བོད་རྒྱ་སྐད་གཉིས་འཆམ་མཐུན་སྡེ་བ་བསྐྱེད་སྲིང་ལས་འགུལ་དཔའ་རིས་རྫོང་མི་རིགས་སློབ་འབྲིང་དུ་གཟབ་རྒྱས་ངང་སྤེལ།

ཐེངས་འདིའི་ལས་འགུལ་ལ་ས་འདིའི་བོད་རྒྱ་སྐད་གཉིས་ལ་བྱང་ཆ་ལྡན་པའི་དགེ་རྒན་ཉམས་མྱོང་ཅན་གདན་དྲངས་ཏེ།  རྒྱལ་ཁབ་དམངས་ཨུས་སྐད་གཉིས་འཆམ་མཐུན་ཚོད་ལྟ་ཁུལ་ལ་བདམས་བཀོད་བྱས་ཡོད་པའི་དཔའ་རིས་བདེ་ཆེན་སྡེ་བའི་འབྲོག་མི་དང་དཔའ་རིས་ས་ཁུལ་གྱི་བོད་རྒྱ་སྐད་གཉིས་ལ་དུངས་ཞེན་ཆེ་བའི་མང་ཚོགས་སྐོར་ཞིག   དཔའ་རིས་རྫོང་མི་རིགས་སློབ་འབྲིང་གི་དགེ་སློབ་སོགས་སྤྱི་ཚོགས་ཁག་སོ་སོའི་མི་སྣ70ལྷག་ལ་རྒྱ་བོད་སྐད་གཉིས་ལམ་ནས་མཁས་དབང་དོར་ཞུ་རིན་པོ་ཆེའི་དུས་རབས་བརྒྱད་ཅུ་བར་བོད་གངས་ཅན་གྱི་ན་གཞོན་ལ་སྐུལ་མ་དང་རེ་འབོད་གནང་བའི་ཕྱག་རྩོམ་སྙིང་གཏམ་སྨན་གྱི་མྱུ་གུ་ཞེས་པར་དམར་ཁྲིད་དང་མཆན་འགྲེལ། གནད་འཁེལ་དབུལ་སྐྱོར་མིང་བརྡའི་བསྒྱུར་ལུགས།དཔའ་རིས་སྐད་ཀྱི་རྟའི་ཡོ་ཆས་གནའ་མིང་། དཔའ་རིས་དམངས་གླུ་བརྒྱུད་ཁྲིད་སོགས་ཁྲིད་བྱ་གཙོ་བོར་བཟུང་སྟེ་སྨྱན་མང་གཟུགས་ལམ་ནས་སློབ་ཁྲིད་གནང་།

         ཐེངས་འདིའི་ལས་འགུལ་ལ་རྫོང་མི་རིགས་སློབ་འབྲིང་གིས་མཐུན་རྐྱེན་གང་ལེགས་སྐྲུན་ཞིང་སློབ་ཁྲིད་དགེ་རྒན་གྱིས་རང་ནུས་ཡོད་དགུ་བཏོན་པས་སློབ་ཁྲིད་གོ་རིམ་ལ་སྣང་བརྙན་དོད་པོ་ཐོན་ཞིང་དགེ་སློབ་འབྲེལ་འདྲིས་ཀྱི་སྤྲོ་སྣང་ལྡན། ནང་སྒོས་སུ་རྒན་ལགས་ཀྱིས་གོང་འཕེལ་མགྱོགས་པའི་དེང་གི་དུས་འདིར་རྒྱལ་ཡོངས་སྤྱི་སྐད་སློབ་སྦྱོང་དང་མི་རིགས་རིག་གནས་སྲུང་སྐྱོབ་ཀྱི་དགེ་མཚན་ཤ་ཚ་སྒོས་ནན་བཤད་བྱས་པས་ཚོགས་ཞུགས་མི་སྣ་དག་གི་མི་རིགས་རིག་གནས་བརྒྱུད་འཛིན་དུངས་ཞེན་ཇེ་ཆེར་དང་བོད་རྒྱ་སྐད་གཉིས་འཆམ་མཐུན་སྒོས་སློབ་སྦྱོང་ལེགས་པོ་བྱེད་པའི་སེམས་ཤུགས་ཇེ་དྲག་ཏུ་བཏང་།
ཟུར་བཀོད་འདྲ་པར་ཁག




 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...