སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པས་འཛམ་གླིང་དཔེ་ཀློག་ཉིན་མོ་བསུས་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Michung དུས་ཚོད། 2017-4-25 17:33:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
         གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ4བའི་ཚེས23ཉིན་ཏེ། འཛམ་གླིང་དཔེ་ཀློག་ཉིན་མོར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པའི་ཡ་རབས་ཚོགས་པས༼དཔེ་ཀློག་ནི་འོད་ཀྱི་ལམ་བུ་ཡིན༽ཞེས་པའི་འཛམ་གླིང་དཔེ་ཀློག་ཉིན་མོའི་དྲན་གསོའི་བྱ་འགུལ་སྐབས་གཉིས་པ་སྤེལ་ཞིང་། བྱ་འགུལ་འདི་ནི་སློབ་གྲྭའི་ཡ་རབས་ཚོགས་པས་འཛམ་གླིང་དཔེ་ཀློག་ཉིན་མོར་སློབ་གྲོགས་རྣམས་ཀྱི་དཔེ་ཀློག་གི་འདུན་པ་ཇེ་ཆེ་དང་། དཔེ་ཀློག་གི་དགོས་གལ་རང་བཞིན་ཤེས་རྟོགས་བྱ་རྒྱུ། སློབ་གྲྭའི་སློབ་སྦྱོང་གི་མཁའ་དབུགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་པ་བཅས་དགེ་མཚན་དུ་མར་དམིགས་ནས་སྤེལ་བ་ཡིན་ལ། འདི་ནི་རང་སློབ་གྲྭའི་ཡ་རབས་ཚོགས་པས་སྤེལ་བའི་རྣམ་པ་རྒྱ་ཆེ་བའི་དཔེ་ཀློག་གི་བྱ་འགུལ་སྐབས་གཉིས་པ་ཡིན།
          ཐེངས་འདིའི་བྱ་འགུལ་དུ་སློབ་གཙོ་གཞོན་པ་གཙུག་འབུམ་ཚེ་རིང་གིས་ཐོག་མའི་ཤིས་ཚིག་ཕུལ་བ་དང་། དགེ་རྒན་དག་གིས་དཔེ་ཀློག་བྱེད་པའི་དགོས་པ་འམ། དཔེ་ཀློག་ཇི་ལྟར་བྱེད་དགོས་ཚུལ། དཔེ་ཆ་འདེམས་རྒྱུ་བཅས་ཀྱི་ཐད་ནས་གཏམ་བཤད་གལ་ཆེན་གནངས། སློབ་བུ་དག་གིས་དཔེ་ཀློག་གི་དགོས་པའི་སྐོར་གྱི་གར་ཆུང་འཁྲབ་སྟོན་དང་། དཔེ་ཀློག་གི་མྱོང་བ་བཤད་པ། དཔེ་ཀློག་གི་གལ་ཆེན་རང་བཞིན་སྐོར་གྱི་བརྩམས་ཆོས་སྒྲོག་སྦྱོང་བྱས།
         ནམ་རྒྱུན་དཔེ་ཀློག་ལ་གཞོལ་ན་ང་ཚོའི་མཐོང་ལམ་ནི་མཁའ་དབྱིངས་བཞིན་མཐའ་ཡས་པ་ཞིག་ཏུ་འགྱུར་བ་མ་ཟད། མཐར་འཇིག་རྟེན་གྱི་ལྟད་མོ་སྣ་ཚོགས་ང་ཚོའི་མིག་ལམ་དུ་ཅིག་ཅར་མངོན་ཡོང་བ་གདོན་མི་ཟ་སྟེ། འཐོབ་འདོད་ན་རིག་པའི་ཉིང་ཁུ་དཔེ་ཆ་ལས་གཞིབས་དགོས། མཐོང་འདོད་ན་མཛེས་པའི་ལྟད་མོ་དཔེ་ཆ་ལས་མཐོང་ཐུབ་ལ། ལྡན་དགོས་པའི་མི་ཚེའི་སྙིང་བོ་ཡང་དཔེ་ཆ་ལས་ལེན་ཐུབ་བོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...