སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྨུག་པའི་སྐོར་རོབ་ཙམ་གླེང་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-19 9:38:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྨུག་པ་ནི་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་ནང་རྟག་ཏུ་མཐོང་རྒྱུ་ཡོད་པའི་གནམ་གཤིས་ཀྱི་སྣང་ཚུལ་ཞིག་རེད། རྒྱང་ནས་བལྟ་དུས་སྤྲིན་དཀར་ལང་ལོང་གཡོ་བ་ལྟ་བུར་སྣང་ལ་ཉེ་ས་ནས་བལྟས་ཚེ་རླངས་པ་འཕྱུར་བ་ཞིག་དང་མཚུངས། སྐབས་རེ་ཧ་ཅང་མཐུག་པའི་དུ་ཐལ་འདྲ་བ་དང་། ཡང་སྐབས་རེ་ནི་ཧ་ཅང་སྲབ་པའི་སང་རས་ཡོལ་བ་གཏོར་བ་དང་འདྲ། སྨུག་པའི་ཁྲོད་དུ་ལྗོངས་རྣམས་ཧྲབ་བེ་ཧྲིབ་བེ་བྱེད་ཅིང་ཤར་ནུབ་དབྱེ་བ་འབྱེད་དཀའ་བའི་འཁྲུལ་སྣང་ཡོང་གི་ཡོད་པ་དང་། སྐབས་རེ་ནི་བརྗིད་ཉམས་ལྡན་པའི་མཛེས་ལྗོངས་མངོན་ཞིང་ཡང་སྐབས་རེ་ནི་ཆག་སྒོ་སློང་བའི་རྐྱེན་དུའང་འགྱུར་གྱི་ཡོད།
     ཉིན་རེའི་ཞོགས་པ་དང་། སྟོན་དགུན་དུས་ཚུགས་ཀྱི་རི་ཁུལ། བཞའ་ཚན་ཆེ་བའི་གཤོང་ས། ཆུ་རླངས་འཛོམས་པའི་གཙང་པོ་དང་། མཚེའུའི་འགྲམ་བཅས་སུ་སྨུག་པ་མཐོང་རྒྱུ་མང་། ཡིན་ནའང་བདེ་ཐང་དང་། རི་ཁུལ། སྐམ་ས་ཆུ་ངོས། མཚན་མོ། ཉིན་མོ། དཔྱིད་དབྱར་སྟོན་དགུན་བཅས་ལའང་མཐོང་རྒྱུ་ཡོད། སྨུག་པ་ནི་མཁའ་ལ་གཡེང་པའི་ས་ངོས་མཁའ་རླུང་ནང་གི་ཆུ་ཐིགས་ཆུང་ཆུང་ངམ་ཡང་ན་འཁྱག་ཟིལ་གྱི་དྲོད་ཚད་ཆག་པ་དང་། རླན་ཚད་མཐོ་རུ་འགྲོ་བའི་བརྒྱུད་རིམ་ནང་གྲུབ་པ་ཞིག་ཡིན་ཞིང་། ངོ་བོའི་ཐད་ནས་གླེང་ན་སྤྲིན་པ་དང་ཁྱད་པར་གང་ཡང་མེད། སྨུག་པ་དང་། གནམ་གཤིས་ཡག་པོ་གཉིས་རྟག་ཏུ་འགྲོགས་ཤིང་སྨུག་པ་ཡལ་བའི་རྗེས་སུ་རྟག་ཏུ་ནམ་མཁའ་དྭངས་ལ་ཉི་འོད་རབ་ཏུ་འཕྲོ་ཞིང་རླུང་འཇམ་པའི་གནམ་གཤིས་བསྟན་གྱི་ཡོད། སོ་ནམ་པའི་གཏམ་དཔེར་ཞོགས་པར་སྨུག་པ་འཁྲིགས་ན་ཉིན་གང་གནམ་དྭངས་བ་དང་། ཞོགས་པར་སྨུག་པ་འཁྲིགས་པ་ན་ཚ་གཟེར་ཉི་མས་གྲོད་པ་སྐམ་ཟེར་བ་ལྟར་ཡིན།  འོན་ཀྱང་སྐབས་རེ་སྨུག་པས་གནམ་འཐིབས་ཆར་འབབ་དང་འགྲོགས་ཤིང་དུས་ཡུན་རིང་པོའི་བར་སྨུག་པ་ཡལ་གྱི་མེད། དེ་ནི་སྨུག་པ་མ་ཡལ་ན་ཆར་བ་འབབ་ཟེར་བའི་སོ་ནམ་པའི་གཏམ་དཔེ་ལྟར་ཡིན་ནོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...