སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས་ཀྱི་ཚོད་ལྟའི་དངོས་བཤེར་གྱི་བྱ་འགུལ་སྤེལ།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Michung དུས་ཚོད། 2017-4-25 17:49:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
         2017ལོའིཟླ4པའི་ཚེས22ཉིན་གྱི་ཕྱི་དྲོར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཚོད་ལྟའི་ལག་ལེན་གྱི་ནུས་པ་མཐོར་འདེགས་དང་སློབ་མའི་ལག་པ་འགུལ་བའི་དངོས་བཤེར་ལག་ལེན་གསོ་སྦྱོང་དང་སློབ་མ་ཚོའི་དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས་བཅས་ཀྱི་རྨང་གཞིའི་ཤེས་བྱ་མཐོར་འདེགས་དང་གསར་བཟོའི་ནུས་པ་གོང་འཕེལ་དུ་གཏོང་ཆེད། སློབ་གྲྭའི་སྐས་རིམ་སློབ་ཁང་དུ་བརྩོན་འགྲུས་གླིང་གི་སློབ་མ་སུམ་བརྒྱ་ལྷག་གཞི་གཅིག་ཏུ་བསྡུས་ཏེ་དངོས་རྫས་སྐྱེ་གསུམ་གྱི་ཚོད་ལྟའི་ཤེས་བྱ་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ།

རེབ་འདིའི་བྱ་འགུལ་ལ་ནང་དོན་ལྡན་ཞིང་སྤུས་ཚད་མཐོ་བ། གོ་རིམ་མི་འཁྲུལ་བའི་བྱ་འགུལ་འཐུས་ཚང་ཅན་ཞིག་ཚོགས་སླད། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས་བཅས་ཀྱི་དགེ་རྒན་རྣམ་པའི་མཉམ་འབྲེལ་དང་བློ་རྩེ་ཞིབ་མོའི་བཀོད་འདོམས་འོག ཚོད་ལྟའི་ཡོ་ཆས་དང་ལྷུ་ལག སྒྲིག་གཞི་སོགས་ཆ་ཚང་བོ་ཞིག་སྟ་གོན་བྱས།

      འགྲན་སྡུར་དངོས་སུ་མགོ་བརྩམས་མ་ཐག མདུན་ཅོག་སྔུན་དུ་ཚོད་ལྟའི་ཡོ་ཆས་བྱུར་བུར་སྤུངས་བ་དག་ལག་ལེན་གྱི་སྦྱོར་བ་་དངོས་སུ་བརྩམས་མོད། ཐོག་མར་འཛིན་གྲྭ་སོ་སོའི་འཐུས་ཚབ་སློབ་མ་དག་བྲེལ་འཚུབ་ཀྱི་རྣམ་པ་ཅུང་མངོན་ཡང་། ཤེས་བྱའི་སྤྱི་ཁོག་སེམས་སུ་གནས་ཤིང་ལག་ལེན་གྱི་གོ་རིམ་ཐད་དུས་རྒྱུན་གྱི་སྦྱོང་བརྡར་ལ་ཤུགས་བསྐྱེད་པས། ལས་རིམ་རེ་རེ་མ་འཆུག་མ་འཆོལ་བར་གཟབ་ནན་དང་ཞིབ་ཚགས་སྒོས་ཚོད་ལྟར་ལག་ལེན་བྱས་པར་དེར་འདུས་དགེ་སློབ་རྣམ་པར་ཧང་སང་པར་བྱས། དེ་ལས་ཀྱང་འགྲན་ཞུགས་པ་སོ་སོས་མཉམ་འབྲེལ་སྒོས་ལ་ལས་ཚོད་ལྟའི་ཟིན་ཐོ་སྐོང་བ་དང་། ལ་ལས་གྲངས་ཀའི་རེ་བ་ལྟར་ཚོད་ལྟའི་དངོས་བཤེར་བྱས་པ་ན་དཔྱད་འདེམས་དགེ་རྒན་རྣམ་པས་ཀྱང་བསྟོད་པའི་ཐལ་མོ་ལྷང་ལྷང་དུ་བརྡབས་པ་དང་བསྟུན། ཚོགས་རའི་ཁྱོན་ཀུན་བསྔགས་བརྗོད་ཀྱི་འུར་ཟིང་གིས་ཁེངས། མདོ་འཛིན་པའི་ཀུ་རེ་འདྲེས་མའི་སྨྲ་བརྗོད་དང་དགེ་རྒན་རྣམ་པའི་གོ་རིམ་འགྲིག་ཅིང་ཞིབ་ཚགས་དོད་པའི་བྱ་འགུལ་གྱིས་སློབ་མ་ཚོར་སྤྲོ་སྣང་གི་རང་བཞིན་གནང་བར་དུས་ཚོད་གཅིག་དང་ཕྱེད་ཀ་ལྷག་གི་དུས་ཡུན་ནི་ཤེས་མེད་ཚོར་མེད་ངང་འདས།

     མཇུག་མཐར་དཔྱད་འདེམས་པ་རྣམ་པའི་འདྲ་མཉམ་དང་དྲང་བཞག་གི་གོ་རིམ་བརྒྱུད། མི་སྒེར་དང་ཐུན་མོང་འཛིན་གྲྭར་རྟིང་སྐུལ་གྱི་བྱ་དགའ་འོས་འཚམ་རེ་བྱིན། ཐེངས་འདིའི་འགྲན་བསྡུར་ལས་སློབ་མ་ཚོ་རྩིས་ཚན་ལ་དགའ་བའི་མོས་པ་སྐྱེད་སྲིང་དང་ཚོད་ལྟའི་ལག་ལེན་གྱི་ནུས་པ་མཐོར་འདེགས་དང་། སློབ་མ་རང་ངོས་ནས་ལག་པ་འགུལ་བའི་གོམས་གཤིས་བཟང་པོ་ལའང་སྐུལ་འདེད་ཀྱི་ནུས་པ་ཐོན། མ་ཟད་སློབ་གྲྭའི་སློབ་མ་ཡོངས་ཚན་རིག་ལ་དགའ་ཞིང་གསར་སྐྲུན་ལ་མོས་པ། ཞིབ་འཇུག་ལ་སྤྲོ་བ། སློབ་མ་སྤྱིའི་ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་གཏོང་བ་བཅས་ལ་སྐུལ་འདེད་ཀྱི་ཕན་ནུས་གལ་ཆེན་བསྐྲུན་ནོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...