སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ལས་གཞིར་ཞིབ་བཤེར་རྩིས་ལེན་ཐོབ།
རྩོམ་པ་པོ། འབྲུག་བྱམས་རྒྱལ། རྩོམ་སྒྲིག་པ། Michung དུས་ཚོད། 2017-6-13 17:24:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
     ཟླ6པའི་ཚེས8ཉིན། ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་འགན་ཁུར་བཞིན་པའི་བོད་ཡིག་ཆ་འཕྲིན་གྱི་སྟེགས་བུའི་འཛུགས་སྐྲུན་ལས་གཞི(ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་སྟེགས་བུའི་འཛུགས་སྐྲུན་ལས་གཞི)ལ་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་འཚོལ་བཤེར་མ་ལག་ཕལ་ཆེར་ཡོངས་འགྲུབ་བྱས་པ་མཚོན་ཡོད།
ལས་གཞིའི་ཞིབ་བཤེར་རྩིས་ལེན་གྱི་ཚོགས་འདུའི་ཡུལ་དངོས།
     ཐེངས་འདིའི་རྩིས་བཤེར་ཚོགས་འདུ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་བསྡུས་ལ། ཀྲུང་གོའི་རྒྱའི་སྐད་ཡིག་ཆ་འཕྲིན་སློབ་ཚོགས་ཀྱི་ལས་འཛིན། ཀྲུང་གོའི་རྒྱའི་སྐད་ཡིག་ཆ་འཕྲིན་སློབ་ཚོགསགྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཆ་འཕྲིན་ཐག་གཅོད་ཆེད་དོན་ཨུ་ཡོན་ལྷན་ཁངགི་དྲུང་ཡིག་ཆེན་མོ། རྒྱལ་ཁབ་སྐད་ཡིག་ཐོན་ཁུངས་ལྟ་སྐུལ་ཚད་ལེན་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆ་འཕྲིན་ལས་གྲྭའི་སློབ་གླིང་གི་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་དང་དགེ་རྒན་ཆེན་མོ་ཀྲའོ་ཞའོ་པིན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་ཡིག་ཆ་འཕྲིན་སྡེ་ཁག་གི་ཀྲུའུ་རིན་དང་དགེ་རྒན་ཆེན་མོ་ཚེ་སྒྲུབ་སྐྱབས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆ་འཕྲིན་ལས་གྲྭའི་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཝང་ཀྲི་ཅོན། མཚོ་སྔོན་སློབ་ཆེན་གྱི་ཆ་འཕྲིན་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་གཞོན་པ་ཡུའུ་ཧའེ་ཡུན་སོགས་ཀྱིས་ཞིབ་བཤེར་ཚན་ཆུང་གྲུབ་པའི་ཆེད་མཁས་པ་དག་གདན་ཞུ་བྱས་ཏེ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་སྟེགས་བུའི་འཛུགས་སྐྲུན་ལས་གཞི་ལ་ཞིབ་བཤེར་རྩིས་ལེན་བྱས།
ཆེད་མཁས་ཚན་ཆུང་གི་ཚོགས་གཙོ་ཀྲའོ་ཞའོ་པིན་གྱིས་ཞིབ་བཤེར་རྩིས་ལེན་གོ་རིམ་ལ་མགོ་འཛིན་བྱེད་བཞིན་པ།
     མཉམ་ལས་ཕྱོགས་ཀྱི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒནའམ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་འཛུགས་སྐྲུན་ལས་གཞིའི་ལག་རྩལ་གྱི་སྤྱི་ཁྱབ་ལྟ་སྐུལ་བ་དགེ་རྒན་ཆེན་མོ་རྡོ་ལྷ། པེ་ཅིན་ཐིག་ཚེག་ཚན་རྩལ་ཚད་ཡོད་ཀུང་ཟི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་འཛུགས་སྐྲུན་ལས་གཞིའི་སྤྱི་གཉེར་བ་དང་བཟོ་འགོད་པ་ཚུའེ་ཞན་ཡུན་སོགས་ཀྱིས་ལས་གཞི་ལེགས་འགྲུབ་བྱུང་བའི་གནས་ཚུལ་ཡར་ཞུ་དང་གོ་རིམ་གསལ་སྟོན་བྱས། ཞིབ་བཤེར་ཆེད་མཁས་ཚན་ཆུང་གིས་བོད་ཡིག་གི་མིང་མཚམས་དབྱེ་འབྱེད་ལག་རྩལ་དང་འཚོལ་བཤེར་ཁྱབ་ཁོངས། སྤྱི་ཚོགས་ཕན་ནུས། བདེ་འཇགས་དོ་དམ། ཁེ་ཕན་ཐོན་ཚུལ་སོགས་གནད་དོན་མང་པོ་ཞིག་ལ་དྲི་བ་བཏོན་ཏེ་ལན་སློག་པར་བྱས། ཞིབ་བཤེར་ཆེད་མཁས་ཚན་ཆུང་གིསལས་གཞིའི་ཞིབ་བཤེར་སྙན་ཞུདངརྩིས་བཤེར་མཇུག་བསྡོམས་སྙན་ཞུསོགས་འབྲེལ་ཡོད་རྒྱུ་ཆར་ཞིབ་ལྟ་དང་གྲོས་མོལ་བྱས་ཏེ་ལས་གཞི་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐོབ་པ་རེད།
དགེ་རྒན་ཆེན་མོ་ཚེ་སྒྲུབ་སྐྱབས་ཀྱིས་ལས་གཞིའི་འགན་ཁུར་ལས་ཁུངས་ལ་དྲི་བ་དང་བསམ་འཆར་འདོན་བཞིན་པ།
     2013ལོའི་ཟླ4བར། འཛམ་གླིང་གི་ཆེས་ཐོག་མའི་བོད་ཡིག་འཚོལ་བཤེར་མ་ལག་སྟེཡོངས་འཛིནམ་ལག་ལས་གཞི་དངོས་སུ་ལས་མགོ་བརྩམས་ལ། མ་ལག་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་ཆ་འཕྲིན་འཛུགས་སྐྲུན་ཁྲོད་ལས་གཞི་གལ་ཆེན་གྱི་གྲས་སུ་གཏོགས་ཤིང་། ལས་གཞིའི་འགན་ཁུར་ལས་ཁུངས་ཀྱིས་ཆེད་ལས་ལག་རྩལ་པ་དང་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ། བོད་ཡིག་གྲངས་འཛིན་ཚིག་མཛོད་ནང་འཇུག་ཚན་ཆུང་དང་སྐད་བརྡ་རིག་ནུས་སྒྲིག་གཅོད་ཚན་ཆུང་བཙུགས་ནས། ལག་རྩལ་ཞིབ་འཇུག་དང་དར་སྤེལ་གྱི་དཀའ་གནད་སེལ་སོང་བས། འཚོལ་བཤེར་མ་ལག་འདིའི་འཐུས་ཚང་འཚོལ་ཚད་དང་ཡང་དག་འཚོལ་ཚད95%ཡན་ལ་ཐོན། འཚོལ་བཤེར་བྱ་ཆས་དང་བོད་ཡིག་ཤེས་བྱ་ཀུན་བཏུས། དྲིས་ལན་སོགས་བོད་ཡིག་གི་སྒོ་ཀུན་འདུས་ཀྱི་མ་ལག་ཅིག་ཡིན་ཤིང་། མ་ལག་གི་གྲངས་འཛིན་ནང་ལོ་རྒྱུས་དང་རྩོམ་རིག ནང་བསྟན། གསོ་བ་རིག་པ། རང་བྱུང་། དེ་མིན་ཚིག་མཛོད་རིགས་སོགས་དཔྱད་གཞིའི་ཡིག་རིགས25 དང་ཡིག་ཚང་གི་དེབ8800ནང་འཇུག་བྱས་པར་མ་ཟད། རིག་ནུས་འཚོལ་བཤེར་མ་ལག་དང་དྲིས་ལན་མ་ལག་བཟོས་ནས་བོད་ཡིག་ཆ་འཕྲིན་ཅན་གྱི་སྟེགས་བུ་ཞིག་ཏུ་གྲུབ་ཡོད་ལ། ལས་གཞིའི་ཁྲོད་ཀྱི་འཚོལ་བཤེར། རིག་མཛོད། པར་རིས། བརྙན་རིས། དྲིས་ལན། ཡིག་ཚང་བཅས་མ་ལག6ལ་རྒྱལ་ཁབ་པར་དབང་ཅུའུ་ཡིས་ཐོ་འགོད་བྱས་ཡོད་པའི་ཡོངས་འཛིན་པར་གཞིའི་བདག་དབང་བླངས་ཡོད་པར་མ་ཟད། ལས་གཞི་གསར་གཏོད་ཀྱི་ཆེད་ཁེ་རིགས་ཀྱི་སྙན་ཞུ3ཕུལ་ཡོད་པ་རེད།
ཡོངས་འཛིན་འཚོལ་བཤེར་གྱི་སྤྱི་ཁྱབ་ལྟ་སྐུལ་བ་དགེ་རྒན་ཆེན་མོ་རྡོ་ལྷས་ལས་གཞིའི་གནས་ཚུལ་ཡར་ཞུ་བྱེད་བཞིན་པ།
     2016ལོའི་ཟླ8པར་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་བེད་སྤྱོད་བྱས་པ་ནས་ད་ལྟའི་བར། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་སྤྱོད་མཁན་མི་ཁྲི7500ལས་བརྒལ་ཡོད་པ་དང་མ་ལག་ཐོ་འགོད་བྱེད་མཁན་གྱི་མི་གྲངས་ཁྲི1ལས་བརྒལ་ཡོད།ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ལས་གཞི་ཡོངས་འགྲུབ་བྱས་པ་དེས་མི་རིགས་རིག་གནས་རྒྱུད་འཛིན་དང་དར་སྤེལ་ལ་ཕན་པར་མ་ཟད། རང་རྒྱལ་གྱི་རིག་གནས་ཉེན་སྟོབས་མཐོར་འདེགས་ལ་ཕན་པ་ཡོད་པ་དང་། མི་རིགས་ཕན་ཚུན་བར་གྱི་རིག་གནས་མོས་མཐུན་ལ་ཕན་པར་མ་ཟད། བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་དར་རྒྱས་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...