སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་རྒྱ་བཅའ་ཁྲིམས་ཡིག་སྒྱུར་མཉེན་ཆས་མཚོ་ལྷོ་ཁུལ་ནས་ཚོད་ལྟ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-7-26 8:41:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། ཀློག་གྲངས།
    སྤྱི་ཟླ7པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་བོད་རྒྱ་བཅའ་ཁྲིམས་ཡིག་སྒྱུར་མཉེན་ཆས་བྱ་བར་ཞིབ་འཇུག་དང་གསར་སྤེལ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་ཁང་ནས་བོད་རྒྱ་བཅའ་ཁྲིམས་ཡིག་སྒྱུར་བྱ་བ་ཚོད་ལྟ་བྱེད་རྒྱུར་ཐག་བཅད།
    རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དྲུག་གི་ཁྲིམས་ཁང་གིས་ལོ་རེར་བདག་སྤྲོད་བྱེད་བཞིན་པའི་གཏུག་བཤེར་གྱོད་གཞིའི་ཁྲོད། དོ་བདག་པ་བོད་རིགས་ཡིན་པའི་གཏུག་བཤེར་གྱོད་གཞི་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་ཟིན་པ་དང་། དེའི་ནང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་མི་དམངས་ཁྲིམས་ཁང་གི་གྱོད་གཞིས་བརྒྱ་ཆའི་དོན་གཉིས་ཟིན་ལ། ཧོང་ཀྲོང་དང་སྟོང་སྐོར། ཏ་ཐུང་ཧོས་རིགས་རང་སྐྱོང་རྫོང་དང་ཞིན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་བཅས་ཀྱིས་ཀྱང་བསྡུར་ཚད་ངེས་ཅན་ཞིག་ཟིན་ཡོད་པ་རེད། བོད་རྒྱ་བཅའ་ཁྲིམས་ཡིག་སྒྱུར་མཉེན་ཆས་གསར་སྤེལ་བྱས་པ་ནི་བོད་ཁུལ་ཁྲིམས་ཁང་གི་ཁ་ཚ་དགོས་གཏུག་གི་དགོས་མཁོ་རེད།
    མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་དང་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གི་ཡོན་ཀྲང་། བོད་རྒྱ་བཅའ་ཁྲིམས་ཡིག་སྒྱུར་མཉེན་ཆས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཏུའུ་ཞའོ་ཀྲིག་གིས་བོད་རྒྱ་བཅའ་ཁྲིམས་ཡིག་སྒྱུར་མཉེན་ཆས་ཀྱི་ཞིབ་འཇུག་དང་གསར་སྤེལ་གྱི་དགོས་མཁོ་གནད་ལ་འཁེལ་བ་དང་། བོད་སྐད་ཀྱི་རྨང་གཞིའི་བཅའ་ཁྲིམས་ཀྱི་ཐ་སྙད་གཅིག་གྱུར་བྱས་ནས་བོད་རྒྱ་ཡིག་སྒྱུར་གྱིས་རོང་འབྲོག་མང་ཚོགས་ལ་ཞབས་ཞུ་ལེགས་པོ་བྱེད་དགོས་པའི་རེ་བ་བཏོན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...