སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཡིག་འཕྲུལ་ཀློག་དུས་དེབ་ཀུན་འདུས་དངོས་སུ་སྤྱོད་འགོ་ཚུགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-9-5 12:47:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བོད་ཡིག་འཕྲུལ་ཀློག་དུས་དེབ་ཀུན་འདུས་དངོས་སུ་སྤྱོད་འགོ་ཚུགས།

      སྤྱི་ཟླ་9་པའི་ཚེས་5ཉིན། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་ལོ་གང་མང་ཞིག་གི་ནང་དུ་དཀའ་སྤྱད་འབད་བརྩོན་བྱས་ནས་གསར་སྤེལ་བྱས་པའི་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་བོད་ཡིག་འཕྲུལ་ཀློག་དུས་དེབ་ཀུན་འདུས་ཞེས་པའི་ལག་རྩལ་གསར་གཏོད་ཀྱི་ལས་ཀ་ལེགས་འགྲུབ་བྱུང་ནས་སྐབས་བཅུ་བདུན་པའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུའི་དུས་སྐབས་དང་བསྟུན་ནས་དངོས་སུ་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཁྲེན་ཏུའུ་རུ་སྤེལ།

       མཛད་སྒོའི་ཐོག་པེ་ཅིང་དང་བོད་ལྗོངས། མཚོ་སྔོན་དང་ཀན་སུའུ། ཡུན་ནན་དང་སི་ཁྲོན་བཅས་ནས་ཕེབས་པའི་བོད་ཀྱི་འཕྲིན་སྦྱོར་གྱི་ལས་ཁུངས་60ལྷག་གི་འཐུས་མི་རྣམས་ ཞུགས་ཡོད། སི་ཁྲོན་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཀྲུའོ་དང་། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་ཏང་ཨུ་ཧྲུའུ་ཅི། སྤྱི་གཉེར་བ་ཀྲང་ཙེ་ཀང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་མགོན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་སུའུ་ཡི་སུའུ་ཀྲང་ཀྲུའོ་ཝེ་བཅས་འགོ་ཁྲིད་ཀྱིས་སྒོ་འབྱེད་མཛད་སྒོའི་བྱ་འགུལ་ནང་ཞུགས་ཡོད།
       2017ལོར་བོད་ཡིག་འཕྲུལ་ཀློག་དུས་དེབ་ཀུན་འདུས་ཀྱི་སྟེགས་བུ་སྐྲུན་འགོ་བརྩམས་ཤིང་། གསར་འབྱེད་དང་འཕེལ་རྒྱས། མཉམ་སྤྱོད་བཅས་ཀྱི་རྩ་དོན་དམིགས་སུ་བཟུང་། མིག་སྔར་བོད་ཡིག་འཕྲུལ་ཀློག་དུས་དེབ་ཀུན་འདུས་ཀྱི་སྟེགས་བུ་ལེགས་པར་འགྲུབ་པ་དེས་སླད་ཕྱིན་བོད་ཡིག་དུས་དེབ་དཔེ་ཀློག་ཐད་སྟབས་བདེ་དང་དུས་དེབ་དང་འཕྲིན་སྦྱོར་གསར་པའི་མཐུན་སྦྱོར་ལ་ཤུགས་སྣོན་ཆེན་པོ་ཐེབས་པར་གདོན་མི་ཟའོ། །
       བོད་ཡིག་འཕྲུལ་ཀློག་དུས་དེབ་ཀུན་འདུས་ཀྱི ནི་རྒྱ་ཆེ་བའི་བོད་ཡིག་ཀློག་པ་པོ་རྣམས་ཀྱི་ཆེད་དུ་གསར་གཏོད་བྱས་ཤིང་།  མིག་སྔར་སྟེགས་བུ་འདིརwedཡི་འཇུག་སྒོ་དང་ལག་འཁྱེར་ཁ་པར་གྱི་འཇུག་སྒོ་གཉིས་ཡོད།  བོད་ཡིག་འཕྲུལ་ཀློག་དུས་དེབ་ཀུན་འདུས་ཀྱི་ དྲ་ཐོག་སྟེགས་བུ་ནས་དུས་དེབ་ཀྱི་ནང་དོན་པར་རིས་སོགས་ལྟ་ཀློག་བྱེད་ཐུབ་པ་དང་ཀུ་ཤུའི་Ibook དང་ epubརྣམ་པའི་གློག་རྡུལ་དཔེ་དེབ་བསྒྱུར་བཀོད་དང་ཕབ་ལེན་གྱི་བྱེད་ནུས་ལྡན། ཀུ་ཤུ་ཁ་པར་དུ་ཐད་ཀར་ནང་འཇུག་བྱས་ནས་དཔེ་ཀློག་ཀྱང་བྱ་ཆོག

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...