སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རླུང་དམར་གྱི་གནོད་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-18 11:01:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     རང་རྒྱལ་གྱི་གནམ་གཤིས་རིག་པ་ལས། རླུང་ཤུགས་རིམ་པ8ཡང་ན8ཡན་དུ(རླུང་གི་མྱུར་ཚད་རྨིད17/སྐར་ཆ་ལས་མགྱོགས་པ)སླེབས་པ་ན་རླུང་དམར་ཞེས་གཏན་ལ་ཕབ་ཡོད། རླུང་དམར་གྱིས་གནོད་པ་ཚབས་ཆེན་ལྡན་ཞིང་། ཁང་པ་རྡིབ་པ་དང་། འཛུགས་སྐྲུན་དངོས་པོ་ཆེན་པོ་ལ་གནོད་སྐྱོན་བཏང་བ། ཤིང་གི་ཡལ་ག་བཅག་པ་སོགས་རྐྱེན་དེ་ཚོའི་དབང་གིས་མི་ལ་ཡང་དགོད་ཆག་བྱུང་སྲིད་ལ། རླངས་འཁོར་ཨ་སློག་རྒྱག་པ་དང་ཁ་ཤོར་བ་ཡང་ན་བཏང་མ་ཐུབ་པ་བཅས་བྱུང་སྲིད། ལྷག་པར་དུ་རླངས་འཁོར་མྱུར་ཚད་ཇི་ཙམ་མགྱོགས་ན་དེ་ཙམ་གྱི་ཁ་ཤོར་སླ་ཞིང་། འགྲིམ་འགྲུལ་བྱུར་ཉེས་བྱུང་སྲིད་ལ། གྲུ་གཟིངས་ཨ་སློག་རྒྱག་སྟེ་ནུབ་པར་གྱུར།
     རླུང་དམར་གྱིས་ཞིང་ལས་ཐོན་སྐྱེད་ཐད་ལ་གནོད་སྐྱོན་གཙོ་བོ་ནི་ས་རྒྱུ་རླུང་ཟད་བྱེ་འགྱུར་ཕྱིན་པ་དང་། ལོ་ཏོག་ལ་ཕྱིར་ལྷགས་པས་འདེད་སྐྱོན་དང་ནང་དུ་སྐྱེ་ལུགས་ཀྱི་འཁོར་རྒྱུན་ལའང་གནོད་པ་བྱུང་སྲིད།
     རང་རྒྱལ་གྱི་བྱང་ཕྱོགས་དང་ནུབ་བྱང་ནང་སའི་ས་ཁུལ་དུ་ལྷགས་ཟད་ཤུགས་ཆེན་ལྡན། དུས་རབས་ཧ་ལམ་ཕྱེད་ཀའི་རིང་ལ་ས་གཞི་ཧ་ཅང་སྤྱི་ལེ་གྲུ་བཞི་མ་ཁྲི་ལྔ་ཙམ་བྱེ་འགྱུར་ཕྱིན་ཡོད། ཉེ་ལམ་ལོ་ངོ20ནང་། ཧེ་ལ་ཝེ་མཐའ་ཁོར་དུ་གསར་སྦོལ་བྱ་བའི་ས་ཞིང་ཆ་སྙོམས་མཐུག་ཚད་ལ་ལིའི་རྨིད20—25བར་ལྷགས་པས་འདེད། གཞན་ཡང་ས་རྒྱུ་གཤིན་པའི་སླིང་ཅང་གཙང་པོའི་སྨད་རྒྱུད་དང་། ཅི་ལིན་ནུབ་ཕྱོགས་དེ་བཞིན་རྨ་ཆུའི་ཆུ་ལམ་རྙིང་པའི་ས་ཁུལ་དུ་བྱེ་རྒྱུན་ཐ་རེ་ཐོར་རེ་ཡི་བྱེ་མར་འགྱུར་བའི་ས་ཞིང་ཡོད།
     རླུང་དམར་གྱིས་ལོ་ཏོག་དང་ཤིང་གི་ཡལ་འདབ་ལ་གནོད་སྐྱོན་བཟོས་པ་མ་ཟད། རྩ་བ་སྔོག་པ། ལོ་ཏོག་སྒྱེལ་བ། འབྲུ་སྙེ་དང་མེ་ཏོག་ཤིང་འབྲས་སོགས་ས་ལ་བརྡབས་པ། ཟེའུ་འབྲུ་ལོངས་མ་བཅུག་པ་བཅས་ཀྱི་གནོད་སྐྱོན་བཟོས།
     རླུང་དམར་གྱིས་རྩི་ཤིང་གི་རླངས་འབྱིན་ནུས་ཚད་ཇེ་མྱུར་ཐོན་པ་བྱ་བ་དང་། ལྷག་པར་དུ་ཚ་སྐམ་ཅན་གྱི་གནམ་གཤིས་འོག ཆུ་ཟད་གྲོན་ཆེ་བ་དང་། རྩ་ལག་ལ་ཆུ་མ་འདང་བ་བཅས་ཀྱི་རྐྱེན་པས་ལོ་ཏོག་འབྲུ་ཤ་ཞན་ཞིང་ཐ་ན་ཤི་འགྲོ་བ་དང་། ཤིང་སྡོང་གི་ཡལ་ག་རྙིད་པའམ་སྐམ་པོར་འགྱུར་ཡང་སྲིད།
     རླུང་དམར་ནི་མི་རྣམས་ཀྱིས་འགོག་ཐབས་བྲལ་བ་ཞིག་ཡིན། ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་མི་རྣམས་ཀྱིས་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་བྱ་དངོས་ནང་། རླུང་འགོག་ཐབས་དང་། རླུང་སྐྱོན་ཉུང་དུ་བཏང་ཐབས་ཀྱི་ཉམས་མྱོང་མང་པོ་གསོག་ཡོད། དཔེར་ན་རླུང་འགོག་ནུས་ཆེ་བ་དང་རྩ་ལག་སྦོམ་པའི་ཤིན་སོན་སྟར་བ་དང་། དྲ་བ། རྒྱུན་དང་། ཚོམ་བུ་བཅས་རྣམས་པ་མི་གཅིག་པའི་ཐོག་ནས་འདེབས་ཏེ་ལྷགས་འགོག་ནགས་རགས་འཛུགས་སྟབས། དེ་དག་གིས་རླུང་དམར་འགོག་པ་དང་། མཚོ་འགྲམ་སྲུང་བ། རླུང་འགོག་བྱེ་འཇགས་དང་། ལྷགས་ཤུགས་བཅག་པ། མཁའ་རླུང་གི་བཞའ་ཚན་སྣོན་པ། ཆར་ཆུ་སྙོམས་སྒྲིག་བྱ་བ། ཁོར་ཡུག་ལེགས་བཅོས་དང་རྟེན་འཚོ་དོ་མཉམ་སྲུང་བ་བཅས་ཀྱི་ནུས་ཆོད་ལྡན།
     གཞན་ཡང་། གནམ་གཤིས་ལས་ཁུངས་ཀྱིས་བསྟན་པའི་གནམ་གཤིས་སྔོན་བརྡ་ཉན་རྒྱུ་ལ་དོ་སྣང་བྱ་དགོས། གལ་ཏེ་ཚ་རྒྱུད་རླུང་འཁྱིལ་དང་གྲང་རྒྱུན་མཁའ་རླུང་ལ་སོགས་པའི་གནམ་གཤིས་སྔོན་བརྡ་བྱུང་སྐབས། རླུང་དམར་མ་ལངས་གོང་ལྷགས་འགོག་བྱ་ཐབས་སྤེལ་ན་འགྲིག་པ་སྟེ། སྨིན་པའི་ལོ་ཏོག་བསྡུ་བ་དང་། གྲུ་གཟིགས་ལྷགས་གཡོལ་མཚོ་ཁུག་ཏུ་འཛུལ་བ། སྒོ་ཕྱུགས་ཕྱུགས་རར་བཅུག་པ་བཅས་རླུང་དམར་གྱི་བྱུས་ཉེས་གཡོལ་ཐབས་དང་གནོད་པ་ཉུང་དུ་སེལ་ཐབས་བྱེད་རྒྱུ་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...