སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ས་ཡོམ་སྔོན་བརྡ་གཏོང་བའི་གོ་རིམ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-25 10:22:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡོམ་འགོག་གནོད་སེལ་ཁྲིམས་ལུགས》སུ། ས་ཡོམ་སྔོན་བརྡ་ནི་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྤེལ་དགོས་པར་གཏན་འཁེལ་བྱས་ཡོད། ས་ཡོམ་སྔོན་བརྡ་ངོ་མ་ནི་སྲིད་གཞུང་གི་ཁྱབ་བསྒྲགས་ལས་ཁུངས་ཏེ་རླུང་འཕྲིན་དང་བརྙན་འཕྲིན། ཚགས་པར་སོགས་ལས་སྤེལ་དགོས་པ་ཡིན།
     ས་ཡོམ་སྔོན་བརྡ་ཁྱབ་སྒྲོག་བྱེད་པ་ནི། ཚན་རིག་གི་གནད་དོན་ཞིག་ཡིན་པ་དང་། རྙོག་འཛིང་གི་སྤྱི་ཚོགས་གནད་དོན་ཞིག་ཀྱང་ཡིན། ས་ཡོམ་སྔོན་བརྡ་ཁྱབ་སྒྲོག་བྱས་ན་སྤྱི་ཚོགས་ཀྱི་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་འབྱུང་ངེས། ས་ཡོམ་སྔོན་བརྡ་ཡང་དག་པར་སྤེལ་ཐུབ་ན། ཤི་རྨས་དང་གྱོང་གུད་ཇེ་ཉུང་དུ་གཏོང་ཐུབ་སྟེ། རགས་རྩིས་བྱས་པ་ལྟར་ན། ཧེ་ཁྲིན་ས་ཡོམ་སྔོན་བརྡ་ཡང་དག་པར་བཏང་བས། མི་ཁྲི10ཤི་མ་དགོས་པ་དང་། དཔལ་འབྱོར་གྱོང་གུད་སྒོར་དུང་ཕྱུར30ནས50ཇེ་ཉུང་དུ་བཏང་། གལ་ཏེ་ས་ཡོམ་སྔོན་བརྡ་ཁྱབ་སྒྲོག་བྱས་རྗེས་བརྟག་དཔྱད་བྱས་པའི་ས་ཡོམ་མ་བྱུང་ན། སྤྱི་ཚོགས་སྟེང་ཉོག་དྲ་དང་དཔལ་འབྱོར་གྱོང་གུད། ཤི་རྨས་བཅས་ཀྱང་འབྱུང་སྲིད། དེ་བས་ས་ཡོམ་བརྟག་དཔྱད་འཐུས་ཚང་མ་བཏང་བར་ས་ཡོམ་སྔོན་བརྡ་བཏང་ན། སྤྱི་ཚོགས་སྟེང་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཐེབས་སྲིད་པས། ས་ཡོམ་སྔོན་བརྡ་གཏོང་བར་ངེས་པར་ཆ་རྐྱེན་གསུམ་ལྡན་དགོས་ཏེ། 1 ཡང་དག་པའི་ཚན་རིག་ལ་བརྟེན་དགོས་པ་དང་། དེ་ནི་ཚན་རིག་དང་འོས་མཐུན་ཡིན་པ། ཡང་དག་པའི་སྒོ་ནས་ས་ཡོམ་གྱི་དུས་ཚོད་དང་ས་གནས། ཡོམ་རིམ་ཆེ་ཆུང་བཅས་བརྟག་ཐུབ་དགོས། 2 གོ་རིམ་གཟབ་ནན་ཡིན་དགོས། དེ་ནི་བརྟག་དཔྱད་དང་གྲོས་བསྡུར། ཞིབ་བཤེར། ཁྱབ་སྒྲོག་སོགས་ཀྱི་གོ་རིམ་ཁྲོད་དུ་གཟབ་ནན་བྱེད་པ། 3 མང་ཚོགས་ཞུགས་དགོས་པ།
རྒྱུན་ལྡན་མིན་པའི་ཆེ་མཐོང་སྣང་ཚུལ་ལ་རྗེས་དཔག་གི་ངོས་འཛིན་ཡང་དག་བྱེད་པ།
     རང་བྱུང་ཁམས་ཀྱི་སྲོག་ཆགས་དང་། ས་འོག་གི་ཆུ། ཆེ་མཐོང་གི་རྒྱུན་ལྡན་མིན་པའི་སྣང་ཚུལ་ལ་ངོས་འཛིན་ཇི་ལྟར་བྱེད་ཟེར་ན། ས་ཡོམ་གྲུབ་རིམ་ཁྲོད་དུ། སའི་གོ་ལའི་བྲག་རྡོའི་ནང་རོལ་ཏུ་ཚད་ངེས་ཅན་ཞིག་གི་གནས་སུ་དངོས་ལུགས་དང་རྫས་འགྱུར་གྱི་འགྱུར་ལྡོག་དང་འགྲོགས་ཏེ་ས་གཞིར་དབྱིབས་འགྱུར་འབྱུང་ལ། ཡོམ་འགུལ་དང་སའི་སྒྲ། སྒྲ་རླབས་ཞན་ཤོས། ས་གློག་ར་བ། སའི་ཁབ་ལེན་ར་བ་སོགས་ཀྱང་འབྱུང་སྲིད་ལ། སྲོག་ཆགས་དང་ས་འོག་གི་ཆུ་སོགས་ལའང་རྒྱུན་ལྡན་མིན་པའི་སྣང་ཚུལ་ཡང་དངོས་བརྒྱུད་གཉིས་ནས་འབྱུང་བར་བྱེད། རང་བྱུང་ཁམས་སུ་ཐད་ཀར་ལྟ་ཞིབ་བྱེད་ཐུབ་པའི་སྣང་ཚུལ་རྒྱུན་ལྡན་མིན་པ་འདི་དག་ལ་ཆེ་མཐོང་སྣང་ཚུལ་རྒྱུན་ལྡན་མིན་པ་ཟེར། ས་ཡོམ་བྱུང་བའི་གོ་རིམ་ཁྲོད་དུ་ཆེ་མཐོང་སྣང་ཚུལ་རྒྱུན་ལྡན་མིན་པ་འབྱུང་བའང་ཧ་ཅང་མངོན་གསལ་ཡིན། ས་ཡོམ་ཆེན་པོ་ཐེངས་ཤིག་བྱུང་རྗེས། ས་འོག་གི་སྦྲེལ་ཤུགས་སྣང་ཚུལ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། བྲག་རྡོའི་ནང་རོལ་ནས་རིམ་བཞིན་དོ་མཉམ་རྣམ་པ་གསར་བ་ཞིག་ཏུ་བསྒྱུར་བའི་གོ་རིམ་ཁྲོད་དུ། དངོས་ལུགས་དང་རྫས་འགྱུར། ས་གཞི་དབྱིབས་འགྱུར་དྲག་པོ་སོགས་ཀྱིས་ཆེ་མཐོང་སྣང་ཚུལ་ལ་རྒྱུན་ལྡན་མིན་པ་སྣ་ཚོགས་འབྱུང་བར་བྱེད། རེ་འགར་ས་ཡོམ་སྔོན་ལས་ཀྱང་ཧ་ཅང་མངོན་གསལ་ཡིན་སྲིད།
     ས་ཡོམ་མ་བྱུང་སྔོན་དུ་ཆེ་མཐོང་སྣང་ཚུལ་ལ་རྒྱུན་ལྡན་མིན་པ་འབྱུང་གིན་ཡོད་པ་ནི། ས་ཡོམ་དོན་རྐྱེན་མང་བོའི་ཁྲོད་དུ་བདེན་དཔང་བྱེད་ཐུབ། ལྷག་པར་ས་ཡོམ་ཆེན་པོ་བྱུང་རྗེས་དང་ཉམས་མྱོང་ཕྱོགས་སྡོམ་བྱེད་དུས་དཔེར་བརྗོད་ནི་གསོན་ཉམས་ལྡན་ཞིང་ཉོག་དྲ་ཆེ་བ་ཞིག་ཀྱང་ཡིན།
     དེ་ཡང་ས་ཡོམ་བྱུང་དུས་ཆེ་མཐོང་སྣང་ཚུལ་རྒྱུན་ལྡན་མིན་པ་ཡོད་སྲིད་ཀྱང་། དེས་ངེས་པར་ས་ཡོམ་འབྱུང་བར་སྟོན་པ་ཁོ་ན་ཞིག་མ་ཡིན་ནོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...