སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཉ་ཁྲབ་ལྟ་བུའི་སྤྲིན་པ་འཁྲིགས་སྐབས་ཆར་བ་མ་བབས་ཀྱང་རླུང་ཆེན་རྒྱག་ཅེས་ཤོད་དགོས་དོན་ཅི།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-12 8:49:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཉ་ཁྲབ་ལྟ་བུའི་སྤྲིན་པ་ཟེར་བ་ནི་སྔོ་ཐིང་ཐིང་གི་བར་སྟེང་སྤྲིན་ལེབ་ཆུང་ཆུང་ཚགས་དམ་པོར་གོ་རིམ་ལྡན་པའི་སྒོ་ནས་གྲལ་སྒྲིག་པ་ཞིག་ཡིན། ས་ངོས་སྟེང་ནས་བལྟས་ན་དེ་དག་ནི་ཉ་ཁྲབ་དང་མཚུངས་པས་ཧ་ཅང་མཚར་པོ་ཡོད། སྤྲིན་པ་དེ་རིགས་ལ་གནམ་གཤིས་རིག་པའི་ཐད་གསོག་སྤྲིན་མཐོ་བོ་ཞེས་བརྗོད། དེ་དག་གི་མཐོ་ཚད་ལ་སྤྱིར་བཏང་རྨིད2300ནས་རྨིད6500གཡས་གཡོན་ཡོད་པས་གསོག་སྤྲིན་ཆུང་ཆུང་མང་པོ་ལས་གྲུབ་པ་ཞིག་ཡིན། ངག་རྒྱུན་དུ་ཉ་ཁྲབ་ལྟ་བུའི་སྤྲིན་པ་འཁྲིགས་ན་ཆར་ཐག་ཉེ། ཉ་ཁྲབ་ལྟ་བུའི་སྤྲིན་པ་འཁྲིགས་ན་ཆར་པ་མ་འབབ་ཀྱང་རླུང་པོ་རྒྱག་ཅེས་ཤོད། གསོག་སྤྲིན་མཐོ་པོ་ཅུང་ཟད་མཐོ་བའི་བར་སྣང་དབྱིངས་སུ་ཆགས་ཀྱི་ཡོད་པར་བརྟེན་ཉི་མ་ཤར་སྐབས་དང་ཉི་མ་བཞུད་སྐབས་ཀྱི་ཉི་འོད་བསྡུ་ལེན་བྱེད་ཐུབ་ཀྱི་ཡོད་སྟབས་ལྟ་རོལ་བྱ་རྒྱུའི་ཐད་ནས་བརྗོད་ན་མི་རྣམས་ལ་མཛེས་ཚོར་ཞིག་སྦྱིན་གྱི་ཡོད། འོན་ཀྱང་དེ་ནི་རྟག་ཏུ་སྤྲིན་པ་གུག་གུག་དང་སྤྲིན་རིམ་འཁྱིལ་མ་མཉམ་དུ་ཐོན་གྱི་ཡོད་སྟབས་རྒྱུན་དུ་གནམ་གཤིས་ངན་པ་འཆར་ཉེར་ཡོད་པ་མཚོན་གྱི་ཡོད། གང་ཡིན་ཟེར་ན་བར་སྣང་མཐོ་པོའི་མཁའ་རླུང་བརྟན་པོ་མེད་སྐབས་སྤྲིན་པ་གུག་གུག་དང་སྤྲིན་རིམ་འཁྱིལ་མ་གཉིས་གསོག་སྤྲིན་འཁྱིལ་མར་འགྱུར་གྱི་ཡོད། གསོག་སྤྲིན་འཁྱིལ་མ་དེ་རིགས་ཀྱིས་གནམ་གཤིས་ངན་པ་བསྟན་རྒྱུའི་སྔོན་བརྡ་བཏང་བ་མ་ཟད་ད་དུང་དེ་ལས་སྡུག་པའི་གནམ་གཤིས་ངན་པ་མགྱོགས་མྱུར་བསྟན་རྒྱུ་ཡིན་པ་མཚོན་གྱི་ཡོད།
     དེའི་ཐོག་ནས་མཐོང་ཐུབ་པར་མི་རྣམས་ཀྱིས་ཡུན་རིང་འཚོ་བའི་ལག་ལེན་དངོས་ནང་ཕྱོགས་བསྡོམས་བྱས་པའི་ཉ་ཁྲབ་ལྟ་བུའི་སྤྲིན་པ་འཁྲིགས་ན་ཆར་བ་མ་བབ་ཀྱང་རླུང་ཆེན་རྒྱག་ཅེས་པའི་ལེགས་བཤད་དེར་ཚན་རིག་གི་གནས་ལུགས་ལྡན་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...