སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
5Gཐད་ཀྱི་ཤེས་བྱ་ཕྲན་བུ་མཚམས་སྦྱོར།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-15 11:32:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
1.5Gཟེར་བ་ག་འདྲ་ཞིག་ཡིན།
     5Gནི་ལས་རིགས་ཀྱི་ཚད་གཞི་འཛིན་ས་ཞིག་ཡིན་ལ། མིང་ཧྲིལ་བོར་རབས་ལྔ་བའི་སྤོ་འགུལ་འཕྲིན་གཏོང་ལག་རྩལ་གྱི་ཚད་གཞི་ཟེར།
2.5Gཚད་གཞི་གང་ནས་ཐོན་པ་དང་སུས་གཏན་འཁེལ་བྱས།
     དེ་ནི“རབས་གསུམ་པའི་མཉམ་ལས་རོགས་ཟླའི་འཆར་གཞི་རྩ་འཛུགས”(3rd Generation Partnership Project,བསྡུས་མིང་ལ3GPP)ཀྱིས་གཏན་འཁེལ་བྱས་པ་ཡིན། 3GPPནི་ཚད་ལྡན་ཅན་གྱི་སྒྲིག་གཞི་ཞིག་ཡིན་ལ། མིག་སྔར་དེའི་ཁོངས་སུ་ཀྲུང་གོ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་ཁག ཉི་ཧོང་། ལྷོ་ཁོ་རེ་ཡ་དང་མེ་གླིང་བྱང་མ་སོགས་འདུས།
3.5Gལ་དགེ་མཚན་དང་ཁྱད་ཆོས་གང་འདྲ་ཡོད་དམ།
     5Gཡིས་དྲ་དམངས་རྣམས་ལ་དྲ་སྦྲེལ་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། དུས་ཚོད་འགོར་འགྱངས་མེད་པ། ཤོང་ཚད་ཇེ་ཆེར་སོང་བའི་དགེ་མཚན་ལྡན།
4.5Gམྱུར་ཚད་ཅི་འདྲ་ཡིན།
     5Gམྱུར་ཚད་ནི4Gཡི་ལྡབ་བརྒྱ་འགྱུར་ལས་མྱུར་བ་དང་། མ་འོངས་པར5Gཆེས་མྱུར་བའི་ཚད་ནི་སྐར་ཆ་རེར20Gbལེགས་འགྲུབ་བྱུང་ཐུབ་ལ། ཡིན་ཡང་རྩིས་འཁོར་དང་ལག་ཁྱེར་ཁ་པར། གསོག་འཇོག་སྒྲིག་ཆས་སོགས་ཀྱི་མྱུར་ཚད་ཡང5Gདང་བསྟུན་ཅི་ཐུབ་བྱ་དགོས་པས་ལག་རྩལ་དེ་མངོན་འགྱུར་བྱེད་པར་ད་རུང་དུས་ཡུན་ངེས་ཅན་ཞིག་དགོས།
     5Gཡིས་དྲ་སྦྲེལ་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཐུབ་པ་མ་ཟད། མིག་སྔར་ད་དུང་ལག་ལེན་དུ་འདེབས་མ་ཐུབ་པ་དང་ཡང་ན་ལག་རྩལ་མངོན་འགྱུར་བྱ་མ་ཐུབ་པ་དག་དངོས་སུ་ལག་ལེན་དུ་བཏབ་པ་དང་། དཔེར་ན།  ཤེས་དཔལ་གྲོང་ཁྱེར། རིག་ནུས་ཁང་ཁྱིམ། མི་མེད་གནམ་གྲུ། ཟོག་སྦྲེལ་དྲ་རྒྱ་སོགས་མངོན་འགྱུར་བྱས་ནས5Gཡིས་མ་འོངས་པར་དྲ་དམངས་རྣམས་ཀྱི་འཚོ་བ་ལ་སྔར་ལས་ལྷག་པའི་སྟབས་བདེ་དང་བསམ་གྱིས་མི་ཁྱབ་པའི་སྤྲོ་སྣང་སྟེར་སྲིད་པ་ཁོ་ཐག་རེད།
 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...