སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མདོ་དབུས་མཐོ་སྒང་གི་ཐོག་མའི5Gམཚོ་སྔོན་ནས་འཁྲུངས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-20 9:27:00 རྩོམ་ཁུངས། ཉིན་རེའི་གངས་ལྗོངས། ཀློག་གྲངས།
     སྤྱི་ཟླ5བའི་ཚེས13ཉིན་གྱི་ཕྱི་དྲོའི་ཆུ་ཚོད3:05སྟེང་། མཚོ་སྔོན་སྤོ་འགུལ་གྱིས་མདོ་དབུས་མཐོ་སྒང་ནས་ཆེས་ཐོག་མའི5Gཡི་སྒྲ་དང་གསལ་གཟུགས་ཀྱི་ཁ་པར་གཏོང་ཐུབ་པ་བྱུང་ལ། དེ་ནི་འཛམ་གླིང་ཡང་རྩེ་རུ5Gདྲ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན།
     ཁྱབ་སྒྲོག་ཚོགས་འདུའི་སྟེང་མཚོ་སྔོན་སྤོ་འགུལ་གྱི་སྤྱི་གཉེར་ཡུས་ཡོན་ཧྥིན་གྱིས་ཟི་ལིང་ནས5Gའཕྲིན་གཏོང་དྲ་བ་བརྒྱུད་ནས། ཀོང་ཀྲིག་ཏུ་མིག་སྔར་གཞུང་དོན་སྒྲུབ་བཞིན་པའི་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་ཅུའུ་ཀྲང་ཀྲང་ཧོང་ཡིས་ལ་ས་ཁོངས་བརྒལ་བའི་གསལ་སྒྲ་ཅན་དང་གསལ་གཟུགས་ཅན་གྱི་ཁ་པར་བཏང་ཞིང་། ཅུའུ་ཀྲང་ཀྲང་ཧོང་ཡིས་ལ་མཚོ་སྔོན་སྤོ་འགུལ་གྱིས་ཞིང་ཆེན་ཡོངས་སུ5Gའཛུགས་སྐྲུན་བྱེད་པའི་གནས་ཚུལ་རགས་རིམ་ངོ་སྤྲོད་བྱས།
     ཁ་པར་དེ་ཉེ་ཆར་ལེགས་འགྲུབ་བྱུང་བའི5Gསྲོག་ཤིང་དྲ་བ་དངIMSདྲ་བ་བརྒྱུད་ནས་བཏང་བ་ཡིན་ལ། བྱང་བུ་མ་བརྗེ་ཞིང་། ཨང་གྲངས་མ་བརྗེ་བའི་སྒོ་ནས5Gལག་ཁྱེར་ཁ་པར་བར་གྱི་ཁ་བརྡ་བྱེད་པ་མངོན་འགྱུར་བྱུང་། 5Gཡི་སྒྲ་ཡི་ཁ་བརྡར་སྒྲ་གསལ་ཞིང་བརྟན་པོ་ཡིན་ལ། གཟུགས་ཀྱི་ཁ་བརྡ་དྭངས་ཤིང་གསལ་ལ་ཐོགས་འདུག་མེད་པ་ཞིག་རེད། གསར་འགོད་པས་མཚོ་སྔོན་སྤོ་འགུལ་གྱི5Gའགྲེམ་ཁང་ནས་ཡུལ་དངོས་ནས5Gདྲ་བར་ཚོད་ལྟ་བྱས་ཚེ། ཕབ་ལེན་མྱུར་ཚད་ལས་སླ་མོར700Mbpsསླེབས་ཤིང་། 5Gདྲ་ལམ་ཡངས་པོ་ཡིན་ཞིང་དུས་ཚོད་འགོར་འགྱངས་མེད་པའི་ནུས་པ་རྟོགས།
     མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་ཐབས་ཇུས་མཛུབ་ཁྲིད་འོག མཚོ་སྔོན་སྤོ་འགུལ་གྱིས་ཧུར་ཐག་གིས་གྲངས་ཀའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཕུལ་ཞིང་། དངོས་ཡོད་ལ་རྐང་བཙུགས་ཤིང་ཀྲུང་གོ་སྤོ་འགུལ་གྱི་གཅིག་གྱུར་བཀོད་འདོམས་ལས། དུས་ནམ་ཡང5Gཡིས་འཐུས་ཚབ་བྱས་པའི་དུས་རབས་གསར་བའི་བརྡ་འཕྲིན་འཕྲིན་གཏོང་ལག་རྩལ་འཕེལ་རྒྱས་ལ་གོང་སྤེལ་དང་རྒྱུན་མཐུད་ཀྱིས་གོམ་སྟབས་སྙེག་པར་བྱས་ནས། མཚོ་སྔོན་མདོ་དབུས་མཐོ་སྒང་གི་བརྡ་འཕྲིན་འཕྲིན་གཏོང་ཁྱབ་ཁོངས་ལས་སྔོན་ལ་སླེབས་པ་དང་། མཚོ་སྔོན་སྤོ་འགུལ་སྤྱོད་མཁན་གྱི5Gབཀོལ་སྤྱོད་ཐད་རྒྱལ་ཡོངས་དང་གཅིག་འདྲ་ཡིན་པར་གཏང་རྒྱུ་རེད།
     2019ལོའི་ཟླ1ཚེས23ཉིན། མཚོ་སྔོན་སྤོ་འགུལ་གྱིས་ཟི་ལིང་ནས་ཆེས་ཐོག་མའི་ཟློས་ཚད2.6GHzཡི5Gལྟེ་གནས་བཙུགས་ཤིང་། ཟི་ལིང་གི་བྱེ་བྲག་གི་ལྟེ་བའི་ས་ཁུལ་ནས5Gདྲ་བ་ཁེབས་པ་མངོན་འགྱུར་བྱས། འདི་ནི་ཀྲུང་གོ་སྤོ་འགུལ་ལ་ཟློས་ཚད2.6GHz5Gཚོད་ལྟ་བྱེད་པའི་ཆོག་མཆན་ཐོབ་རྗེས། མདོ་དབུས་མཐོ་སྒང་ནས་ཆེས་ཐོག་མར་བཙུགས་པའི2.6GHzཅན་གྱི5Gལྟེ་གནས་ཡིན་ལ། རྒྱལ་ནང་གི་ཆེས་ཐོག་མའི་གྲས་ཀྱི2.6GHz5Gལྟེ་གནས་ཤིག་ཀྱང་རེད།
     མིག་སྔར་མཚོ་སྔོན་སྤོ་འགུལ་ལ5Gའཇུག་སྣེར་མཐུད་པའི་སྣེ་ནས་སྣེ་བར་གྱི་དྲ་བའི་ནུས་པ་ཡོད་ལ། མི་འགྱངས་པར། སྤྱོད་མཁན་གྱིས་བྱང་བུ་བརྗེ་མི་དགོས་ལ། ཨང་གྲངས་ཀྱང་བརྗེ་མི་དགོས་པར5Gཡི་གསལ་གཟུགས་ཁ་པར་ལོངས་སྤྱོད་བྱ་ཐུབ་རྒྱུ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...