སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ངོ་སྤྲོད་རགས་བསྡུས།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2011-4-25 9:27:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ

            ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ནི་མཚོ་ལྷོ་ཁུལ་གྱི་གཞི་རྒྱ་ཆེ་བ་དང་དགེ་སློབ་ཆེས་མང་བ།  སློབ་རའི་སྒྲིག་བཀོད་མཛེས་ཤིང་སློབ་གསོའི་རྨང་གཞི་བརྟན་པའི་ལོ་དགུའི་འགན་བབས་  བཅའ་སྡོད་སློབ་གྲྭ་ཞིག་ཡིན་ལ། 2009ལོའི་ཟླ9བར་ཁྲི་ཀ་རྫོང་གི་སྔོན་གྱི་སློབ་གྲྭ་ཆུང་འབྲིང་བཞི་ཅུ་ལྷག་གཅིག་སྡུད་བྱས་ནས་གྲུབ་པའི་སློབ་གྲྭ་ཆེན་པོ་ཞིག་ཡིན།


སློབ་གྲྭའི་ར་བ།

            ད་ལྟ་དགེ་བཟོ་པ358དང་དེའི་ནང་ཆེད་གཉེར་དགེ་རྒན247ཡོད། སློབ་མ3135དང་འཛིན་གྲྭ64དེའི་ནང་སློབ་ཆུང་འཛིན་གྲྭ40དང་སློབ་འབྲིང་འཛིན་གྲྭ24ཡོད་ལ་ཚང་མ་བཅའ་སྡོད་སློབ་མ་རེད།    སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ106.4དང་སྤྱིའི་མ་དངུལ་སྒོར4325.792བཏང་སྟེ།  འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་མ24971.48ལྷག་ཡོད་པའི་སྣ་འཛོམས་གཞུང་སྒྲུབ་ཁང་དང་སློབ་ཁྲིད་ཐོག་ཁང༌། ཟ་ཁང༌།  སློབ་མའི་མལ་ཤག་ཐོག་ཁང༌།  དགེ་རྒན་གྱི་མལ་ཤག་ཐོག་ཁང༌།  ལུས་རྩལ་ཁང༌། སློབ་ཆུང་གི་ཚན་རྩལ་ལྟེ་གནས་སྤེལ་ཡུལ་སོགས་བཞེངས་སྐྲུན་བྱས་ཡོད།  གཞན་ཚད་ལྡན་ཅན་གྱི་ལུས་རྩལ་ར་བ་དང་དཔེ་མཛོད་ཁང༌། སྨན་ཁང་སོགས་ཀྱང་ཡོད་པར་མ་ཟད། དྲ་སྦྲེལ་རྩིས་འཁོར་ཁང༌། སྨྱན་མང་སློབ་ཁང༌། སྐྱེ་དངོས་རྫས་གསུམ་གྱི་ཚོད་ལྟ་ཁང༌།  དེང་རབས་རྒྱང་འཕྲིན་སློབ་གསོའི་དྲ་བ་སོགས་སློབ་ཁྲིད་ཀྱི་བརྡ་འཕྲིན་ལག་རྩལ་སྒྲིག་ཆས་འཐུས་ཚང་ཞིག་ཡོད་ལ། ཕྱིའི་དེང་རབས་ཅན་གྱི་སྒྲིག་ཆས་དེ་དག་གིས་སློབ་གསོའི་སྤུས་ཀ་མཐོར་འདེགས་བྱུང་བར་རྨང་གཞི་ བརྟེན་པོ་ཞིག་བཞག་ཡོད་པ་དང༌། ཕྱོགས་ཡོངས་ནས་དེང་རབས་སློབ་གསོའི་ཐོན་ཁུངས་བེད་སྤྱོད་དང་མི་རིགས་ས་ཁུལ་གྱི་སློབ་མར་རང་གི་ནུས་རྩལ་སྔོག་འདོན་བྱེད་པར་མཐུན་རྐྱེན་བཟང་པོ་  ཞིག་བསྐྲུན་ཡོད།  བསྟུན་མར་ལོ་གཅིག་ལྷག་གི་རིང་ལ་ཁུལ་དང་རྫོང་རིམ་པའི་སློབ་གསོ་བཅོས་ བསྒྱུར་ཐད་བྱས་རྗེས་འབུར་ཐོན་ཅན་དང་ཕུལ་བྱུང་སྡེ་ཁག དཔལ་ཡོན་སློབ་ར། ད་དུང་བྱས་རྗེས་འབུར་ཐོན་ཅན་གྱི་སློབ་གཙོ་དང་ཕུལ་བྱུང་དགེ་རྒན་སོགས་ཀྱི་མཚན་སྙན་རབ་དང་རིམ་པ་གནང་ཡོད་པ་རེད།


སློབ་གྲྭའི་ར་བ།


སློབ་རའི་ཟུར་ཞིག

            རྨང་གཞིའི་སྤུས་ཚད་ཅན་གྱི་འཇོན་ཐང་མི་སྣ་སྐྱེད་སྲིང་བྱེད་པར་སློབ་སྒྲུབ་ཁ་ཕྱོགས་གཏན་ལ་ཕབ་ཏེ།  སྤུས་ཀ་དང་མཚན་སྙན་ལ་བརྟེན་ནས་སློབ་གྲྭ་སྒྲུབ་པ། མི་རྩལ་ལ་བརྟེན་ནས་སློབ་གྲྭ་སྐྱོང་བ།  ནང་རྐྱེན་ལ་བརྟེན་ནས་སློབ་གྲྭ་སྒྲུབ་པ་དང་ལས་བརྩོན་ལ་བརྟེན་ནས་སློབ་གྲྭ་དར་བར་བྱེད་པའི་སློབ་སྒྲུབ་འདུ་ཤེས་ཚང་ཞིང༌།  དེ་དག་གི་རྨང་གཞི་གཙོར་བྱས་ནས་བསམ་བློ་དང་ཤེས་བྱ།  རྩལ་ནུས།  སྤུས་ཚད་བཅས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད།   སློབ་མའི་དགའ་ཁ་ཁྱེར་སོ་ལ་བརྩི་འཇོག་དང་ཀུན་སྤྱོད་སློབ་གསོ་ལ་དམ་འཛིན། གནས་ལུགས་དང་ཆོས་ཉིད་ངོ་སྤྲོད། གཟུགས་གཞི་དང་སེམས་ཁམས་བདེ་ཐང༌།  མཛའ་སེམས་དང་བརྩེ་མདང་ལ་བློ་སྦྱོང་བྱེད་པ།   རྒྱུན་པར་ཤེས་རིག་འགྲན་པའི་དོ་ར་དང་གཏམ་བཤད་སྙིང་གི་བཅུད་ལེན། གྲོགས་སྒྲིག་འོ་མའི་མར་ལོ། སྒྱུ་རྩལ་རིག་པའི་ལྡིང་ཁང༌།  གཞས་གླུ་ཁུ་བྱུག་ཅོ་འགྱུར། ཞབས་བྲོ་མཐོང་བ་ཀུན་སྨོན། ལུས་རྩལ་ཐིག་ལེ་འཛུམ་དྲུག  རིག་རྩལ་ངོམས་པའི་སྤྲོ་ར་བཅས་ཀྱི་སློབ་རའི་བྱ་འགུལ་ཡང་རབ་དང་རིམ་པར་སྤེལ་བཞིན་ཡོད་པས།   སློབ་མའི་སྣ་འདུས་སྤུས་ཀ་ཕྱོགས་ཡོངས་ནས་སྐྱེད་སྲིང་བྱེད་པར་སློབ་སྒྲུབ་ཀྱི་རྒྱང་རིང་ལ་དམིགས་ཐུབ་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...