སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་མཁར་གྲོང་བཅའ་སྡོད་སློབ་ཆུང་གི་མཚམས་སྦྱོར་རགས་བསྡུས།
རྩོམ་པ་པོ། རང་རེའི་དྲ་བ། རྩོམ་སྒྲིག་པ། Dorje rabden དུས་ཚོད། 2011-6-22 14:54:00 རྩོམ་ཁུངས། མཚོ་སྔོན་པོ་དྲབ་། ཀློག་གྲངས།

         རྩ་བའི་གནས་ཚུལ།
        མང་རྫོང་མཁར་གྲོང་བཅའ་སྡོད་སློབ་ཆུང་ནི1953ལོར་ཐོག་མར་མང་ཆུ་སྔོན་མོའི་འགྲམ་དུ་བཙུགས་པ་ཡིན་ལ།  2008ལོར་མཚོ་ལྷོ་ཁུལ་གྱི་དེང་རབས་སློབ་གསོའི་དམིགས་འབེན་ལྟར་མང་ཆུ་གྲོང་རྡལ་དང་ཐར་ཤུལ་ཡུལ་ཚོ། མང་ར་ཡུལ་ཚོ།  སུམ་མདོ་ཡུལ་ཚོ་བཅས་ཀྱི་སྲིད་འཛིན་སྡེ་བ་བཅོ་ལྔའི་སློབ་མ་ཁུ་བསྡུ་བྱས་རྗེས།  མཚོ་ལྷོ་ཁུལ་གྱི་འགྲོ་འོང་དང་ཞག་སྡོད་ལམ་ལུགས་ཀྱི་མི་རིགས་མཉམ་འདུས་སློབ་ཆུང་ཐོག་མར་གྱུར་ཞིང་།  ད་ལྟ་སློབ་མ2571གིས་གྲུབ་པའི་སློབ་ཁྲིད་འཛིན་གྲྭ50ཡོད་ལ།  དགེ་བཟོ་བ213ཡོད་པ་ལས་སློབ་ཁྲིད་དོ་དམ་ཁག་ལ་དགེ་རྒན155དང་འཚོ་བའི་དོ་དམ་ཁག་ལ་ལས་བཟོ་བ58ཡོད།  སློབ་གྲྭའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ45699.7ཡོད་པ་ལས་འཛུགས་སྐྲུན་རྒྱ་ཁྱོན་གྱིས་རྨིད་གྲུ་བཞི་མ17612.04བཟུང་ཡོད།   དེ་ལས་སློབ་ཁྲིད་ཐོག་ཁང་གསུམ་དང་ཞག་སྡོད་ཐོག་ཁང་བཞི།  ཇ་ཁང་གསུམ་བཅས་ཡོད་ལ། 2010ལོའི་ཟླ10བར་རང་རྫོང་གི་འགྱིག་རྒྱུའི་ལས་རྩལ་ར་བ་ཐོག་མ་རང་སློབ་གྲྭར་འཛུགས་སྐྲུན་བྱས་པ་དེས།  སློབ་རའི་འཛུགས་སྐྲུན་གྱི་ཐད་ལ་དགེ་མཚན་ཆེན་པོ་ཞིག་ཐོན་ཡོད།


སློབ་རའི་མཛེས་སྡུག་གི་བཀོད་པ།

           ལྷག་པར་དུ།  2009ལོའི་ཚུན་ལ་ལོ་རེ་རེར་འཆར་འགོད་ཡོད་པ་སྟེ་མང་རྫོང་མཁར་གྲོང་བཅའ་སྡོད་སློབ་ཆུང་གི་ལོ་དྲུག་གི་འཕེལ་རྒྱས་འཆར་འགོད(ལོ་དང་པོར་གཏན་འཇགས་དང་ལོ་གཉིས་པར་འཛུགས་སྐྲུན། ལོ་གསུམ་པར་གྲུབ་འབྲས། ལོ་བཞི་བར་ཡར་འདེགས།  ལོ་ལྔ་བར་འཕེལ་རྒྱས།  ལོ་དྲུག་པར་ཁྱད་ཆོས་ཅན )སྒྲིག་འཛུགས་བྱས་པ་དང་།  ཟླ་རེ་རེར་དམིགས་འབེན་གསལ་བ་སྟེ་མང་རྫོང་མཁར་གྲོང་སློབ་ཆུང་གི་སློབ་གསོའི་སློབ་ཁྲིད་དོ་དམ་ལམ་ལུགས་ (ཟླ་གསུམ་པ་དང་དགུ་བ་ནི་བདེ་འཇགས་ཟླ་བ་དང་། ཟླ་བཞི་བ་དང་བཅུ་ནི་སློབ་ཁྲིད་ཟླ་བ།  ཟླ་ལྔ་བ་དང་བཅུ་གཅིག་ནི་སློབ་རའི་རིག་གནས་ཟླ་བ།  ཟླ་དྲུག་པ་དང་བཅུ་གཉིས་ནི་སློབ་ཁྲིད་རྒྱུ་སྤུས་ཚད་ལེན་གྱི་ཟླ་བ)ཁྱད་ཆོས་ཅན་གྱི་སྒོ་ནས་སློབ་གྲྭ་འཛུགས་སྐྲུན་གྱི་ཐད་ལ་ཤུགས་སྣོན་བྱེད་མུས་ཀྱི་སྒང་ཡིན། 
           སློབ་སྒྲུབ་ཁ་ཕྱོགས།
          རང་སློབ་གྲྭས་གསུམ་སྐྱོང(གོམས་གཤིས་སློབ་གསོ་དང་བདེ་ཐང་སློབ་གསོ།  བདེ་འཇགས་སློབ་གསོ)དཀྱིལ་སྙིང་དང་སློབ་ཁྲིད་གཙོ་གནད།  ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་སློབ་སྒྲུབ་འདུ་ཤེས་རྒྱུན་འཁྱོངས་དང་།   བརྒྱ་ཁྲིད་སྟོང་ཁྲིད་ཡང་དག་བདེན་པ་གཉེར་ཐབས་ཁྲིད། བརྒྱ་སློབ་སྟོང་སློབ་རྣམ་དག་མི་ཞིག་ཡོང་ཐབས་སློབ་པའི་སློབ་གྲྭའི་གདམས་ཚིག་དམིགས་འབེན་དུ་བཟུང་སྟེ། ཁྲིམས་བསྟུན་གྱིས་སློབ་གྲྭ་འཛུགས་པ་དང་རྒྱུ་སྤུས་ཀྱིས་སློབ་གྲྭ་སྒྲུབ་པ།  དོ་དམ་གྱིས་སློབ་གྲྭ་སྤེལ་བ།  རིག་གནས་ཀྱིས་སློབ་གྲྭ་སྐྱོང་བ་བཅས་ཀྱི་སློབ་སྒྲུབ་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་ཀྱིན་ཡོད་པ་མ་ཟད།  ལྗང་མདོག་གི་སློབ་ར་དང་བདེ་འཇགས་ཀྱི་སློབ་ར།  འཆམ་མཐུན་གྱི་སློབ་ར་གསུམ་གྱི་སློབ་སྒྲུབ་ཁྱད་ཆོས་འབུར་ཐོན་ཡོང་ཆེད།  ཚད་ལྡན་ཅན་དང་ཚན་རིག་ཅན།  སྒྲིག་ལམ་ཅན།  རྒྱུན་འཁྱོངས་ཅན་གྱི་དོ་དམ་གྱིས་རྫོང་ཡོངས་ཀྱི་ཆེས་སྔོན་ཐོན་དང་ཁུལ་ཡོངས་ཀྱི་ཆེས་ཁྱད་ཆོས་ཅན་དང་ཆེས་གསོན་ཤུགས་ཅན།  ཆེས་སྤུས་ཚད་ཅན། ཆེས་ཤུགས་རྐྱེན་ཅན་གྱི་དེང་རབས་ཅན་གྱི་བཅའ་སྡོད་སློབ་གྲྭ་ཞིག་ཏུ་བརྩོན་བཞིན་ཡོད། 


སློབ་གྲྭ་རང་ནས་བསྒྲིགས་པའི་དགའ་ཕྱོགས་འཛིན་གྲྭའི་བསླབ་དེབ།


སློབ་གྲྭ་རང་ནས་བསྒྲིགས་པའི་དབྱར་དགུན་གནང་གི་ལས་བྱ།

         ཁྱད་ཆོས་སྒྲིག་འཛུགས།
         རང་སློབ་གྲྭས་ཡོད་ཚད་སློབ་མའི་ཆེད་དུ་ཡིན་ཞིང་སློབ་མ་ཡོད་ཚད་ཀྱི་ཆེད་དུ་ཡིན་པའི་སློབ་སྒྲུབ་འདུ་ཤེས་ཀྱིས།  སློབ་རའི་རིག་གནས་བྱེད་སྒོ་གཅིག་དང་ཆེད་ལས་ཅན་གཉིས།  སློབ་གཞི་སྒྲིག་འཛུགས་གསུམ་བཅས་གཙིགས་སུ་བཟུང་ནས་སློབ་གྲྭའི་དངོས་ཡོད་དང་མཐུན་ཞིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྐྲུན་ཡོད་པ་སྟེ། སློབ་རའི་རིག་གནས་བྱེད་སྒོ་ནི་དགའ་ཕྱོགས་སྐྱེད་སྲིང་འཛིན་གྲྭ་བདུན(བོད་རྩོམ་དགའ་ཕྱོགས་འཛིན་གྲྭ་དང་བོད་ཀྱི་ཡིག་གཟུགས་དགའ་ཕྱོགས་འཛིན་གྲྭ བོད་ཀྱི་སྲོལ་རྒྱུན་རི་མོ་དགའ་ཕྱོགས་འཛིན་གྲྭ  དེང་རབས་རི་མོ་དགའ་ཕྱོགས་འཛིན་གྲྭ  རྒྱ(དབྱིན)སྐད་ཁ་བརྡའི་དགའ་ཕྱོགས་འཛིན་གྲྭ རོལ་དབྱངས་དགའ་ཕྱོགས་འཛིན་གྲྭ )དང་དགའ་ཕྱོགས་སྐྱེད་སྲིང་རུ་ཁག་བཞི་(གཟེབ་གྲུག་དགའ་ཕྱོགས་རུ་ཁག་དང་རྐང་རྩེད་སྤོ་ལོ་དགའ་ཕྱོགས་རུ་ཁག  ཕེན་ཕང་སྤོ་ལོ་དགའ་ཕྱོགས་རུ་ཁག  གླུ་དབྱངས་མཉན་ལེན་རུ་ཁག)ཡིས་གྲུབ་པ་ཞིག་ཡིན་ལ།  ཆེད་ལས་ཅན་གཉིས་ནི་བསླབ་བྱ་ཕལ་བའི་དགེ་རྒན་ཆེད་ལས་ཅན་དང་འཛིན་གྲྭའི་ཀྲུའུ་རིན་ཆེད་ལས་ཅན་དུ་གཏོང་བའི་ལས་གཞི་དེ་ཡིན་པ་དང་།  སློབ་གཞི་སྒྲིག་འཛུགས་གསུམ་ནི་རང་སྒྲིག་བསླབ་གཞིའི་ཞིབ་འཇུག་དང་པར་བསྐྲུན་སྟེ།  ལོ་ངོ་གཉིས་ཀྱི་རིང་ལ་དགའ་ཕྱོགས་འཛིན་གྲྭའི་སློབ་ཁྲིད་ཀྱི་ཞོར་ནས་སློབ་ཆུང་སློབ་མའི་རྩོམ་ཡིག་འབྲི་ཚུལ་དང་སློབ་ཆུང་སློབ་མའི་བོད་ཀྱི་ཡིག་གཟུགས་བསླབ་དེབ།  སློབ་ཆུང་སློབ་མའི་བོད་ཀྱི་སྲོལ་རྒྱུན་རི་མོ་བསླབ་དེབ། སློབ་ཆུང་སློབ་མའི་བསླབ་ཕྱིའི་ཀློག་དེབ(སྟོད་སྨད་ཆ)།  སློབ་ཆུང་སློབ་མའི་དབྱིན་སྐད་ཁ་བརྡའི་བསླབ་དེབ་བཅས་དེབ་དྲུག་དང་།  སློབ་ཁྲིད་དཔྱད་གཞིའི་རྒྱུ་ཆ་སྒྲིག་འཛུགས་ཏེ།  མཚོ་ལྷོའི་བསླབ་དེབ་ཀྱི་སྐད་ཡིག་སྦྱང་གཞིའི་ལྷན་ཐབས་དེབ་བཅུ་གཉིས་དང་དབྱར་དགུན་གནང་གི་ལས་བྱ་དེབ་བཅུ་གཉིས་བཅས་ཁྱོན་སྡོམ་དེབ་ཉེར་བཞི་པར་སྐྲུན་དང་ལག་ལེན་བྱེད་མུས་སུ་ཡོད་པ་མ་ཟད།  ད་དུང་སློབ་ཁྲིད་ཟིན་མཛོད་དང་སློབ་ཁྲིད་མྱུར་ཚད་རེའུ་མིག་མཛོད།  རྒྱུགས་གཞིའི་མཛོད་བཅས་མཛོད་གསུམ་སྒྲིག་འཛུགས་བྱས་ནས་དགེ་སློབ་གཉིས་ཀྱིས་སློབ་ཁྲིད་དང་སློབ་སྦྱོང་ལ་ནུས་པ་འདོན་དང་འདོན་མུས་སུ་ཡོད།


སློབ་རའི་གྱང་སྡེབས་རིག་གནས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...