སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ། བླ་མ་བཀྲ་ཤིས། རྩོམ་སྒྲིག་པ། Lhamo དུས་ཚོད། 2011-7-11 10:42:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


སློབ་རྟགས།


སློབ་མའི་དཔེ་ཀློག་གི་རྣམ་པ།

            ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནི1982ལོར་བཙུགས་ཤིང༌། དེ་ནི་བོད་རིགས་གཙོ་བོ་དང་བོད་ཡིག་གཙོ་བོ།  ཞག་སྡོད་ལམ་ལུགས་གཙོ་བོ་ཡིན་པའི་གཙོ་གསུམ་ཆ་ཚང་སློབ་འབྲིང་ཞིག་ཡིན། ད་ལྟ་སློབ་གྲྭར་བསྡོམས་པས་སློབ་མ1710ཡོད་པ་དང་བསྡོམས་པས་འཛིན་གྲྭ35ཡོད།  དགེ་བཟོ་བ་132ཡོད་པ་ལས་ཆེད་གཉེར་སློབ་ཁྲིད་བྱེད་པའི་དགེ་རྒན100ཡོད།   སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ52800ཡོད་པ་དང༌།  སློབ་གྲྭའི་ཁང་པའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ17377ཡོད།    སློབ་ཁྲིད་ཐོག་ཁང2དང་སློབ་ཤག་ཐོག་ཁང་2།   ཚོད་ལྟ་ཐོག་ཁང༌དང་ནུས་མང་ཟ་ཁང1བཅས་ཡོད། 
 


མཐོ་འབྲིང་གི་སློབ་ཁྲིད་ཐོག་ཁང་།
 
དམའ་འབྲིང་གི་སློབ་ཁྲིད་ཐོག་ཁང་།

            སློབ་གྲྭ་བཙུགས་ནས་ལོ་ངོ་སུམ་ཅུར་ཉེ་བའི་རིང་ལ།  སྲིད་གཞུང་དང་གཙོ་གཉེར་སྡེ་ཁག་གིས་མཛུབ་སྟོན་གནང་འོག་དང༌། སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་འོག  སློབ་གྲྭའི་མགོ་ཁྲིད་རྣམས་ཀྱིས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གསར་གཏོད་གསར་སྐྲུན་བཅས་བྱས་ནས་དགེ་སློབ་རྣམས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་ལ་བརྩོན་པ་དང་དཀའ་སྤྱད་ཀྱིས་སློབ་ཁྲིད་བྱས་ཏེ།      ཀླུ་ཆུའི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐད་དུ་ཚད་ལྡན་གྱི་ཤེས་ལྡན་མི་སྣ་འབོར་ཆེན་མཁོ་འདོན་བྱས། ད་སྔའི་བར་དུ་མཐོ་འབྲིང་སློབ་མ་བསྡོམས་པས་བརྒྱད་བརྒྱ་ལྷག་མཐར་ཕྱིན་པ་དང༌།  སློབ་རིམ་འཕར་ཚད81.4%ལ་བསླེབས། 1998ལོ་དང2001ལོ། 2003ལོ་བཅས་ལ་མི་རིགས་སློབ་མའི་མཐོ་རྒྱུགས་ཁུལ་ཡོངས་ཀྱི་ཨང་དང་པོ་བླངས་ཤིང༌།  2004ལོར་ཁུལ་ཡོངས་ཀྱི་ཨང་གཉིས་པ་བླངས། སྔ་གཞུག་ཏུ་མི་རིགས་ཀྱི་ཆེས་མཐོའི་སློབ་ཆེན་ཏེ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཕུལ་བྱུང་སློབ་མ་13བསྐྱལ་ཞིང་།  2008ལོར་དངོས་གཞིའི་ཚན་ཁག་གི་སློབ་རིམ་འཕར་ཚད་33.3%ལ་སླེབས་པ་དང༌།   གཞན་སློབ་མ་གཅིག་གཞུང་གྲོན་སྤྱད་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཐོག་མར་གྱུར། 


སློབ་མའི་རྩོམ་རིག་གི་ཞིང་ས་གཤིན་པོ་སྟེ། ཤེས་རིག་དགའ་ཚལ་ཚགས་པར།


སློབ་གྲྭའི་རྩོམ་སྒྲིག་ཁང་གིས་གཙོ་གཉེར་བྱེད་བཞིན་པའི་རྩོམ་རིག་ལོ་དེབ། རླབས་ཕྲེང་།

            སྔ་གཞུག་ཏུ་ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་སྔོན་མ་ཡན་ཧའེ་ཝང་དང་ཧྲིན་ཀྲང་ལུའུ་ཧའོ། ཧྲིན་ཀྲང་གཞོན་པ་སྔོན་མ་ཀྲང་ཞའོ་ཀྲུང༌། ཧྲིན་ཀྲང་གཞོན་པ་སྔོན་མ་ཚུའེ་ཀྲིན་ཧྭ་བཅས་ཞིང་ཆེན་དང་ཁུལ་གྱི་ལས་རིགས་སོ་སོའི་མགོ་ཁྲིད་རྣམས་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་ནས་གདེང་འཇོག་མཐོན་པོར་མཛད༌།    ཁུལ་དང་རྫོང་གི་མགོ་ཁྲིད་རྣམས་ཀྱང་ཐེངས་མང་དུ་སློབ་གྲྭར་ཕེབས་ནས་གཟིགས་ཞིབ་མཛུབ་སྟོན་གནང་བ་དང་སློབ་གྲྭའི་གྲུབ་འབྲས་ལ་ཁས་ལེན་མཛད་པ་དང་མཉམ་དུ། རིམ་པ་སོ་སོའི་མགོ་ཁྲིད་ཀྱིས་ཀྱང་སློབ་གྲྭ་འདི་ལ་ཁས་ལེན་དང་མཐོང་ཆེན་གནང༌།     སློབ་གྲྭ་འདིར་སྔ་རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལས་ཁུངས”དང༌།   རྒྱལ་ཁབ་སློབ་ཨུས“རྒྱལ་ཡོངས་མི་རིགས་སློབ་གསོ་སྔོན་ཐོན་ཐུན་མོང”ཞེས་པའི་གཟེངས་བསྟོད་གནང༌།  ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྱང“ཀན་སུའུ་སློབ་གསོ་ཁོངས་གཏོགས་སྔོན་ཐོན་ཐུན་མོང”ཞེས་པའི་མཚན་སྙན་གནང༌། 2005ལོར་ཀན་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཡང་བསྐྱར“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལས་ཁུངས”ཞེས་པའི་མཚན་སྙན་གནང་བས།    སྤྱི་ཚོགས་སྟེང་གི་ལས་རིགས་ཁག་གི་མི་སྣས་ཡོངས་ཁྱབ་ཏུ་གདེང་འཇོག་ལེགས་པོ་དང་བསྔགས་བརྗོད་མཛད་ཀྱི་ཡོད། 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...