སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་མ་གསར་བའི་སློབ་མགོ་ཚུགས།
རྩོམ་པ་པོ། ལྷ་མི་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-29 10:27:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ8པའི་ཚེས26ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་མཐོ་རིམ་དང་པོའི་སློབ་མ་གསར་བ700ལྷག་མཛེས་སྡུག་གི་མཐོ་འབྲིང་འཚོ་བར་རེ་སྙེག་དང་བཅས་སློབ་ར་འདིར་གོམ་སྟབས་བསྒྱུར་ཏེ་མིང་ཐོ་འགོད་པའི་ལས་སུ་འཚུབ། སློབ་མ་རྣམས་ཀྱིས་རང་སོ་སོའི་འདུན་མར་སྙེགས་ཏེ་དཀའ་ཚེགས་དང་སྐྱིད་སྡུག་འདྲིས་མའི་མཐོ་འབྲིང་གི་འཚོ་བ་རོལ་མགོ་བརྩམས་པ་ཡིན།

     སྔ་དྲོའི་ཆུ་ཚོད8:00ཀྱི་སྟེང་། སློབ་མ་གསར་བ་དང་ཁྱིམ་བདག་རྣམས་སློབ་ར་རུ་མིང་ཐོ་བཀོད་པ་དང་། འདིའི་སྔོན་དུ་སློབ་གྲྭས་གྲོས་ཚོགས་བསྡུས་ཏེ་སློབ་མ་གསར་བས་མིང་ཐོ་འགོད་པའི་བྱ་བར་བཀོད་སྒྲིག་ཞིབ་ཚགས་གནང་ལ། འབྲེལ་ཡོད་སྡེ་ཁག་དང་མི་སྣ་དུས་ལྟར་ཐོན་པར་ཁག་ཐེག་སྒོས། སློབ་མ་གསར་བ་དང་ཁྱིམ་བདག་རྣམས་ལ་སྟབས་བདེ་དང་ནུས་ལྡན་གྱི་ཞབས་ཞུ་ལེགས་པོ་མཁོ་འདོན་བྱས།

     ཕྱི་དྲོའི་ཆུ་ཚོད2:00ཀྱི་སྟེང་། སློབ་གྲྭས་མཐོ་རིམ་དང་པོའི་སློབ་མ་གསར་བའི་ཁྱིམ་བདག་གྲོས་ཚོགས་བསྡུས་ཤིང་། ཐོག་པར་ཧྲུའུ་ཅི་གཞོན་པ་ཡུའུ་དབང་ཆེན་གྱིས་སློབ་གྲྭའི་ཀུན་སྤྱོད་སློབ་གསོ་དང་སློབ་གྲྭ་དང་སློབ་མའི་དོ་དམ་བྱ་བ་ཞིབ་བརྗོད་གནང་བ་སྟེ། དཔེར་ན། རིན་ལེན་གནས་ཚུལ་དང་། ལག་འཁྱེར་ཁ་པར་དོ་དམ། དུ་འཐེན་བཀག་འགོག  ཞོར་ཟས་བཀག་འགོག་སོགས་ཀྱི་གཏན་འཁེལ་སོགསབརྗོད་པ་མ་ཟད། སློབ་མས་ལག་འཁྱེར་ཁ་པར་འཛིན་པ་དང་དུ་བ་འཐེན་པ། ཞོར་ཟས་སྤྱད་ན་སློབ་མའི་འཚར་ལོངས་དང་ལུས་ཁམས་བདེ་ཐང་ལ་གནོད་པ་ཆེ་བའི་ཚུལ་བརྗོད་ཅིང་། སློབ་གསོ་གཞོན་པ་རྡོ་བརྟན་གྱིས་ཁྱིམ་བདག་རྣམས་ལ་སློབ་གྲྭའི་གཞི་རྩའི་གནས་ཚུལ་དང་སློབ་གྲྭའི་སློབ་སྒྲུབ་དོ་དམ་ལམ་ལུགས་མཚམས་སྦྱོར་གནང་ལ། སློབ་མ་རྣམས་ཀྱིས་སློབ་གྲྭ་ན་ཡོད་དུས་ཀྱི་སྤྱོད་ལམ་གཏན་འབེབས་དང་སྒྲིག་ཁྲིམས་དགོངས་ཚུལ་བཏོན་པ་དང་། མཇུག་མཐར་ཀྲུའུ་རེན་ཀླུ་ཐར་གྱིས་ཉེ་བའི་ལོ་འགའི་ནང་མཐོ་རྒྱུགས་ཀྱི་རྣམ་པ་དང་མཚོ་ལྷོ་ཁུལ་མཐོ་འབྲིང་གཉིས་པའི་སློབ་གསོ་དང་སློབ་སྒྲུབ་གནས་ཚུལ་དབྱེ་ཞིབ་བྱས་ལ། ཁྱིམ་བདག་རྣམས་ཀྱིས་རང་རྟོགས་སྒོས་སློབ་གྲྭ་དང་དགེ་རྒན་ལ་རམ་འདེགས་བྱེད་ཅི་ཐུབ་ཀྱིས་སློབ་མ་རྣམས་སྔར་ལས་བདེ་ཐང་འཚར་ལོངས་འབྱུང་བ་དང་ཕྱོགས་ཡོངས་འཕེལ་རྒྱས་སུ་གཏོང་རྒྱུ་དང་། རྗེས་ཕྱོགས་ཀྱི་བྱ་བ་སོ་སོ་ལེགས་པོར་སྒྲུབ་པར་རེ་འདུན་ཞུས།
     ཚེས27ཉིན་ནས་བཟུང་། མཐོ་འབྲིང་དང་པོའི་སློབ་མ་གསར་བ་རྣམས་དམག་སྦྱོང་ལ་ཞུགས་པ་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...