སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་མཚམས་སྦྱོར་གསར་བ།
རྩོམ་པ་པོ། བྱ་ཁུ་ལོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-7 11:30:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གཅིག སློབ་གྲྭའི་གཞི་རྩའི་གནས་ཚུལ།

     གསེར་ཆེན་རྫོང་མི་རིགས་སློབ་འབྲིང་ནི1979ལོར་གསར་དུ་བཙུགས་པ་ཡིན་ལ། བོད་རིགས་སློབ་མ་གཙོ་བོ་ཡིན་པའི་བཅའ་སྡོད་རང་བཞིན་གྱི་མི་རིགས་སློབ་འབྲིང་ཞིག་ཀྱང་ཡིན། མི་རིགས་སློབ་འབྲིང་འདི་ནི་གསེར་ཆེན་རྫོང་གི་ཤང་དང་གྲོང་རྡལ་བརྒྱད་ཀྱི་འོས་འགན་སློབ་གསོའི་སློབ་ལོ་རན་པའི་བྱིས་པ་དག་ལ་ཀུན་སྤྱོད་དང་ཤེས་རིག རྩལ་སྦྱོང་དང་རི་མོ། ངལ་རྩོལ་ལག་རྩོལ་སོགས་གསོ་སྐྱོང་བྱེད་པའི་ལྟེ་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད། མིག་སྔར་དགེ་བཟོ་བ187ལྷག་ཡོད་ཅིང་འདི་ལས་བོད་རིགས157དང་རྒྱ་རིགས25ཧེ་རིགས1ཧོར་རིགས2སོག་རིགས2བཅས་ཡོད་པ་ལས། ཆེད་ཁྲིད་དགེ་རྒན168སྲིད་འཛིན་མི་སྣ4ལས་ཀ་རྩག་རྩིག་བྱེད་མཁན4སྨན་པ3སློབ་ཁྲིད་དང་ཟུར་ཁྲིད་མི་སྣ8བཅས་ཀྱིས་གྲུབ་པ་ཡིན་ལ། དགེ་རྒན་གྱི་དཔུང་སྡེ་ཁྲོད་ནས་ཞིབ་འཇུག་སློབ་མའི་ཡོན་ཚད་བླངས་པ11དང་དངོས་གཞི་ཚན་ཁག་གི་ཡོན་ཚད་ལྡན་པ147ཆེད་ཚན་ཡོན་ཚད་བླངས་པ24འབྲིང་རིམ་ཡོན་ཚད་བླངས་པ1བཅས་ཀྱིས་གྲུབ་པ་ཡིན་པས་ཡོན་ཚད་ཚད་ལྡན་གྱི་ཆ་ནི་བརྒྱ་ཆའི99དང་གྲངས་ཆུང6ཟིན་པ་ཡིན། མཐོ་རིམ་ལས་ཐོབ་བླངས་ཡོད་པའི་དགེ་རྒན44་དང་འབྲིང་རིམ་ལས་ཐོབ་བླངས་ཡོད་པའི་དགེ་རྒན67དམའ་རིམ་ལས་ཐོབ་བླངས་ཡོད་པའི་དགེ་རྒན44ལས་ཐོབ་མ་བདམས་པའི་དགེ་རྒན26ཡོད་པ་རེད། སློབ་གྲྭའི་ནང་ཁུལ་དུ་ཏང་ཀྲི་པུའུ་དང་སློབ་གཙོ་གཞུང་ལས་ཁང་། སློབ་སྟོན་ཁྲུའུ། རྒྱབ་ཕྱོགས་མཁོ་སྒྲུབ་དོ་དམ་ཁྲུའུ། གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་། བཟོ་ཚོགས། བུད་མེད་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་དང་ལོ་རིམ་ཁག་གསུམ་བཅས་རྩ་འཛུགས་བྱས་ཡོད་པ་ཡིན། མིག་སྔར་སློབ་གྲྭར་སློབ་མ2182ལྷག་ཡོད་པ་ཡོངས་རྫོགས་ཞག་སྡོད་བྱེད་ཀྱིན་ཡོད་པ་ཡིན་ལ། སློབ་ཁྲིད་འཛིན་གྲྭ42ཡོད་ཅིང་འཛིན་གྲྭ་རེར་ཆ་སྙོམས་ཀྱིས་སློབ་མ52ཡོད་པས་ཕྱོགས་ཡོངས་ནས་བཀག་སྡོམ་རང་བཞིན་གྱི་དོ་དམ་བྱེད་བཞིན་ཡོད་པ་རེད།

     སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ65336ཟིན་ཞིང་འཛུགས་སྐྲུན་བྱས་ཟིན་པའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ32833ཟིན་པ་ལས་སློབ་གསོ་སློབ་ཁྲིད་དང་གཞོགས་འདེགས་ཁང་བས་སྨི་གྲུ་བཞི་མ6722ཟིན་པ་རེད། འཚོ་བའི་ཆེད་སྤྱོད་ཀྱི་ཁང་བས་སྨི་གྲུ་བཞི་མ21877ཟིན་པ་དང་། སྲིད་འཛིན་གཞུང་སྒྲུབ་ཁང་བས་སྨི་གྲུ་བཞི་མ396ཟིན་པ་དང་གཞན་པའི་ཁང་བས་སྨི་གྲུ་བཞི་མ3838ཟིན་པ་རེད། སློབ་གྲྭར་མཁྲེགས་ཆས་སྒྲིག་ཆས་ཆ་ཚང་ཞིང་མིག་སྔར་སློབ་མས་ཚོད་ལྟ་ཁང10ཡོད་པ་ལས་གློག་སློབ་ཚོད་ལྟ་ཁང2དང་དངོས་ལུགས་ཚོད་ལྟ་ཁང2སྐྱེ་ཁམས་ཚོད་ལྟ་ཁང2རྫས་འགྱུར་ཚོད་ལྟ་ཁང2ངལ་རྩོལ་ལག་རྩལ་ཚོད་ལྟ་ཁང1ཨང་ཀིའི་ནུས་མང་ཚོད་ལྟ་ཁང1བཅས་ལེགས་འགྲུབ་བྱས་ཡོད་པ་ཡིན། དགེ་རྒན་གྱིས་དཔེ་གཟིགས་ཁང3་དང་སློབ་མས་དཔེ་ཀློག་ཁང3བཅས་ཡོད་པ་ལས་དཔེ་ཆ་སྤྱིའི་ཁ་གྲངས་ཁྲི11ལྷག་ཡོད་པ་རེད། བེད་སྤྱོད་གཏོང་བཞིན་པའི་སྨྱན་བྱད་འདུས་མའི་སློབ་ཁང42དང་སློབ་མའི་གློག་ཀླད་ཁང5ཐེམ་སྐས་སློབ་ཁང1སྒྲ་འཇུག་ཁང1འཕྲུལ་ཆས་མིའི་སློབ་ཁང1རི་མོ་ཁང1སྒྲ་ཕབ་གཏོང་ཁང1ཞབས་བྲོ་སྦྱོང་བརྡར་ཁང1གླུ་དབྱངས་སློབ་ཁྲིད་ཁང1སྨི300ཅན་གྱི་ལུས་རྩལ་ར་བ་དང་ཆར་རླུང་འགོག་གི་ལུས་རྩལ་སྦྱོང་བརྡར་བྱེད་སའི་ཁང་བ1བཅས་ཀྱིས་གྲུབ་པ་མ་ཟད། སློབ་གྲྭའི་ཁྱོན་ཡོངས་ནས་དྲ་ཚིགས་ཇུས་གཞི་ལེགས་འགྲུབ་དང་དྲ་བའི་ནུས་ཚད་མཐོར་འདེགས་སྒོས་ཆ་འཕྲིན་ལག་རྩལ་སློབ་གསོའི་བྱེད་ནུས་སློར་རར་ཡོངས་སུ་ཁྱབ་པར་བྱས་པ་མ་ཟད། འཛིན་གྲྭ་སོ་སོར་བརྙན་འཕྲིན་དང་གློག་ཀླད་བེད་སྤྱོད་བྱེད་པའི་སློབ་ཁྲིད་ཀྱི་མ་ལག་སོགས་འཐུས་ཚང་སྒོས་བཀོད་སྒྲིག་བྱས་ཡོད་པས་སློབ་མས་སློབ་ཁང་ལས་འཛམ་གླིང་རང་བཞིན་གྱི་སློབ་ཁྲིད་བྱེད་ཐབས་དང་ལེན་དང་སྔོན་ཐོན་ཅན་གྱི་སློབ་ཁྲིད་ཀྱི་བྱེད་ཐབས་ལ་རོལ་མྱོང་བྱེད་ཐུབ་པའི་དེང་རབས་སྨྱན་བྱད་འདུས་མའི་ཆ་འཕྲིན་གྱི་སློབ་ཁྲིད་སློབ་གསོ་བྱེད་ཐབས་བེད་སྤྱོད་གཏོང་གིན་ཡོད་པ་རེད།

གཉིས། ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་གཞག་ལག་ལེན་དང་བདེ་འཇགས་སློབ་ར་འཛུགས་སྐྲུན་བྱ་དགོས།

     1.ཕྱོགས་ཡོངས་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱ་གཞག་ལག་ལེན་དུ་བསྟར་དགོས་པ་མ་ཟད་སློབ་རའི་མཐའ་འཁོར་གྱི་བདེ་འཇགས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ལ་ལྷག་པར་དུ་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་བདེ་འཇགས་སློབ་ར་འཛུགས་སྐྲུན་བྱེད་པའི་བྱ་འགུལ་མང་དུ་སྤེལ་གྱིན་ཡོད་པ་རེད། བདེ་འཇགས་དང་འཆམ་མཐུན་གཞི་གཅིག་ཏུ་སྦྲེལ་ཏེ་སྒོ་སམ་དང་དྲིག་བསྒྲགས་བྱང་བུ། བྱང་ཡིག  སློབ་རའི་རྒྱང་བསྒྲགས་སོགས་ལས་དུས་ལྟར་བདེ་འཇགས་དང་འཆམ་མཐུན་གྱི་བྱ་བར་དོ་སྣང་དང་ཤུགས་སྣོན་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ཅིང་དགེ་སློབ་ཡོངས་ཀྱིས་སློབ་རའི་བདེ་འཇགས་བྱ་བའི་འོས་འགན་ལ་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་སློབ་གསོས་སྐུལ་འདེད་བྱེད་པར་རྒྱུན་འཁྱོངས་བྱས་ཏེ་དགེ་སློབ་ཟུང་གིས་བདེ་འཇགས་ཀྱི་འདུ་ཤེས་ངོས་ཟིན་དང་སློབ་ར་བདེ་འཇགས་འཛུགས་སྐྲུན་གྱི་བྱ་བར་རྒྱུས་ལོན་དང་གོམས་ལོབས་སུ་གཏོང་བར་འབད་པ་ལྷོད་མེད་བྱེད་ཀྱིན་ཡོད་དོ། །

     2.ཁྲིམས་ལུགས་སློབ་གསོ་དྲིལ་བསྒྲགས་ཀྱི་ཆ་ལ་ནུས་པ་ཆེན་པོ་འདོན་དགོས་པ་དང་སློབ་གྲྭའི་ཕྱོགས་ནས་ཀྱང་མིང་དུ་གྲགས་པའི་དགེ་རྒན་དང་ཆེད་མཁས་པ་ཁྲིམས་ལུགས་སློབ་གཙོ་གཞོན་པ་སོགས་རང་སློབ་གྲྭར་གདན་འདྲེན་ཞུས་ཏེ་ཁྲིམས་ལུགས་འཆད་ཁྲིད་མང་དུ་བྱས་ཏེ་དགེ་སློབ་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཁྲིམས་ལུགས་ལ་སློབ་སྦྱོང་དང་ཁྲིམས་ལུགས་ཀྱི་རྩ་བའི་ལམ་ཕྱོགས་ལ་བརྩི་སྲུང་བྱེད་པའི་འདུ་ཤེས་བསྐྱེད་བསྲིང་བྱས་ཏེ་དགེ་སློབ་ཡོངས་ཀྱིས་ཁྲིམས་མཐུན་ལུགས་མཐུན་གྱི་ལྟ་བ་མཐོར་འདེགས་དང་བདེ་འཇགས་སློབ་རའི་འགན་བབས་དང་ལེན་བྱེད་པའི་ཀུན་སློང་བསྐྱེད་པར་བྱས་པ་རེད།
3སློབ་གྲྭ་དང་སྤྱི་ཚོགས། ཁྱིམ་ཚང་བཅས་ངོ་བོ་གཅིག་པའི་སློབ་གསོའི་དྲ་རྒྱ་འཛུགས་སྐྲུན་བྱས་ཤིང་སློབ་གྲྭས་ནམ་རྒྱུན་རྩ་འཛུགས་ལྡན་པའི་སྒོ་ནས་ཁྱིམ་བདག་ཚོགས་འདུ་བསྡུས་ཏེ་ཁྱིམ་བདག་གི་བསམ་འཆར་དང་རེ་བ་གཞི་བྱས་ནས་རང་སློབ་གྲྭའི་སྒྲིག་ལམ་སྣ་ཚོགས་གཏན་འཁེལ་བྱས་པ་རེད། གནད་དོན་ཡོད་པའི་ཆ་ནས་གནད་དོན་སྔོག་འདོན་དང་དུས་ལྟར་གནད་དོན་ཐག་གཅོད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ་དགེ་སློབ་ཟུང་གི་བདེ་འཇགས་དང་བདེ་འཇགས་སློབ་ར་འཛུགས་སྐྲུན་བྱེད་པའི་ཐད་ལ་སྔ་ན་མེད་པའི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།


གསུམ། སློབ་ཁྲིད་བྱ་བ་མཐོར་འདེགས་དང་སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་དགོས་པ་རེད།

     1.སློབ་ཁྲིད་ཀྱི་རྒྱུ་སྤུས་གཙོ་གནད་དུ་བཟུང་ནས་གཏིང་ཟབ་པའི་སྒོ་ནས་སློབ་ཁྲིད་ཀྱི་བྱེད་ཐབས་བཅོས་བསྒྱུར་བྱས་པ་རེད། ཉེ་བའི་ལོ་འགའི་རིང་ལ་རང་སློབ་གྲྭས་ནན་ནན་ཏིག་ཏིག་གིས་སློབ་གསོའི་སློབ་ཁྲིད་དོ་དམ་གཙིགས་སུ་བཟུང་སྟེ་ནུས་པ་ཆེན་པོས་སློབ་ཁྲིད་ཀྱི་རིམ་པ་སོ་སོར་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་གྱི་བྱེད་ཐབས་ལག་ལེན་བྱས་པ་ཡིན་ལ་ལྷག་པར་དུ་སློབ་ཁྲིད་བཅོས་བསྒྱུར་བྱས་ཏེ་འབྲས་ལེགས་སློབ་ཁྲིད་ཀྱི་བྱེད་ཐབས་བརྒྱུད་ནས་བསླབ་གཞི་བཅོས་བསྒྱུར་གྱི་རེ་བ་ལྟར་དགེ་རྒན་ནི་ཟུར་སྟོན་པ་དང་སློབ་མ་ནི་དངོས་སྦྱོང་བའི་ལམ་ཕྱོགས་ལྟར་སློབ་ཁྲིད་བྱེད་ཀྱིན་ཡོད་པས་བསམ་གཞིགས་སྦྱོང་བརྡར་གཙོ་གནད་ཡིན་པ་དང་སློབ་མ་གསོ་སྐྱོང་བྱེད་པའི་དམིགས་ཡུལ་ལག་བསྟར་བྱས་པ་རེད། སློབ་གསོ་ཁྲིད་དཔྱོད་དང་སློབ་ཁྲིད་དོ་དམ་གཞི་གཅིག་ཏུ་གྲུབ་པའི་སློབ་དཔྱོད་ཞིབ་འཇུག་གི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་ཀྱི་རྣམ་པ་གསར་བ་ཞིག་ཆགས་པར་བརྩོན་ལེན་བྱེད་ཀྱིན་ཡོད་པ་རེད།
2017རང་སློབ་གྲྭའི་འབྲིང་རྒྱུགས་ཀྱི་འབྲས་བུ་ནི་མི་རིགས་སློབ་གྲྭ་སྐོར་ལས་ཁུལ་ཡོངས་ཀྱི་ཨང་དང་པོ་དང་། ཁུལ་ཡོངས་ཀྱི་ཆ་སྙོམས་གྲངས་ནི329དང་གྲངས་ཆུང04ཡིན་པ་དང་རང་སློབ་གྲྭའི་ཆ་སྙོམས་གྲངས་ནི366དང་གྲངས་ཆུང58ཡིན་པས་ཁུལ་ཡོངས་ཀྱི་ཆ་སྙོམས་གྲངས་ལས37དང་གྲངས་ཆུང54ལས་བརྒལ་བ་རེད། དེ་ལས་ལོ་རྒྱུས་དང་བསམ་བློ་ཀུན་སྤྱོད། དངོས་ལུགས་སོགས་བསླབ་ཚན་ཁག་གི་རྒྱུགས་འབྲས་ནི་ཁུལ་ཡོངས་ནས་ཨང་དང་པོ་བླངས་པ་རེད།
     2018ལོའི་འབྲིང་རྒྱུགས་ཀྱི་འབྲས་བུ་ནི་མི་རིགས་སློབ་གྲྭ་སྐོར་ལས་ཁུལ་ཡོངས་ཀྱི་ཨང་གཉིས་པ་དང་། ཁུལ་ཡོངས་ཀྱི་ཆ་སྙོམས་གྲངས་ནི375དང་གྲངས་ཆུང6ཡིན་པ་དང་། རང་སློབ་གྲྭའི403དང་གྲངས་ཆུང47ཁུལ་ཡོངས་ཀྱི་ཆ་སྙོམས་གྲངས་ལས27དང་གྲངས་ཆུང87བརྒལ་བ་རེད།

     2.སློབ་མའི་སློབ་སྦྱོང་གི་འགན་ཁུར་ཇེ་ཡང་དུ་གཏོང་བ་དང་ནན་ཏན་སྒོས་སློབ་གསོ་པུའུ་དང་ཞིང་ཆེན་སློབ་གསོ་ཐིན། རྫོང་སློབ་གསོ་ཅུས་གཏན་འཁེལ་བྱས་པའི་འབྲེལ་ཡོད་སློབ་མའི་འགན་ཁུར་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་དང་དགོངས་དོན་ལག་བསྟར་བྱེད་ཀྱིན་ཡོད་ལ། ཕུན་སུམ་ཚོགས་པའི་བྱ་འགུལ་སྣ་ཚོགས་སྤེལ་ཏེ་སློབ་མས་ངལ་གསོ་བྱེད་པའི་དུས་ཚོད་དང་རོལ་རྩེད་དང་ལུས་ཕུང་སྦྱོང་བརྡར་གྱི་དུས་ཚོད་ལ་ཁག་ཐེག་བྱེད་དགོས་པ་མ་ཟད། གཟབ་ནན་སྒོས་རྒྱུགས་མང་དུ་ལེན་པ་དང་ལས་བྱ་མང་པོ་འཇོག་པར་ཚོད་འཛིན་སྒོས་སློབ་མའི་དགའ་ཕྱོགས་བསྐྱེད་བསྲིང་དང་སློབ་མའི་ནུས་པ་སྔོག་འདོན་བྱེད་པའི་ཆ་ལ་ནུས་པ་གང་ཡོད་འདོན་དགོས་ཤིང་སློབ་མའི་ལུས་སེམས་བདེ་ཐང་དང་སྤྲོ་སྣང་གིས་འཕེལ་རྒྱས་འབྱུང་བར་ཕྱོགས་ཡོངས་ནས་རམ་འདེགས་དང་སྐུལ་སློང་གི་ནུས་པ་ཐོན་པར་བྱེད་དགོས།


བཞི། སློབ་ཕྱིའི་བྱ་འགུལ།

     སློབ་མའི་ཤེས་རྟོགས་ཀྱི་ཆུ་ཚད་མཐོར་འདེགས་དང་སློབ་མའི་བསམ་གཞིགས་ཀྱི་ནུས་པ་བསྐྱེད་བསྲིང་སྒོས་སུ་སློབ་མའི་རྒྱལ་གཅེས་རིང་ལུགས་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སོགས་ལ་དམིགས་ནས་རང་སློབ་གྲྭས་རྩ་འཛུགས་བྱས་ཏེ་སྔོན་གཤེགས་དཔའ་བོའི་དུར་ས་དང་ཆབ་ཆ་གྲོང་རྡལ་གྱི་རྒན་གསོ་ཁང་། མཚོ་ལྷོག་ཁུལ་དམངས་སྲོལ་བཤམས་སྟོན་ཁང་སོགས་སུ་ལྟ་སྐོར་དང་གཙང་དག་བྱེད་དུ་སློབ་སྐབས་རེར་ཐེངས་རེ་འགྲོ་དགོས་པའི་འཆར་གཞི་གཏན་འཁེལ་བྱས་ཡོད་པ་ཡིན་ལ། ལོ་རྒྱུས་ཀྱི་བྱས་རྗེས་ལྡན་པའི་ས་གནས་དེ་དག་ལ་སོང་ནས་སློབ་གྲོགས་དག་གིས་ལྷག་བསམ་རྣམ་དག་གིས་དཔའ་བོའི་དུར་སར་གཙང་དག་དང་རྒན་པ་དག་གི་རྐང་ལག་དང་ལྭ་བ་སོགས་བཀྲུ་བའི་བྱ་འགུལ་སྤེལ་ཏེ་སློབ་མས་སྤྱི་ཚོགས་ལ་ཞབས་ཞུ་ལེགས་པོ་སྒྲུབ་པའི་འདུ་ཤེས་གསོ་སྐྱོང་བྱེད་པ་དང་རྒན་རབས་པ་དག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྐུལ་སློང་མཛད་པ་རེད། ཁྱད་པར་དུ་སློབ་མའི་བསམ་བློའི་ཆབ་སྲིད་ཀྱི་ལྟ་བ་ལ་ཤུགས་སྣོན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་བྱེད་བཞིན་པའི་ཀྲུང་གོའི་ཕུགས་འདུན་ལ་བརྩོན་ལེན་བྱེད་པའི་བསམ་བློའི་བག་ཆགས་ཡང་དག་བསྐྲུན་པ་རེད།

     སློབ་གྲྭ་འདི་བཙུགས་ནས་ད་ལྟའི་བར་དུ་མཐའ་གཅིག་ཏུ་གོང་རིམ་མགོ་ཁྲིད་ཀྱི་ཐུགས་ཁུར་དང་དགེ་སློབ་ཟུང་འབྲེལ་གྱིས་འབད་བརྩོན་ལ་བརྟེན་ནས་སློབ་གྲྭའི་འོས་འགན་མཐའ་དག་བདེ་ལེགས་ངང་འགྲུབ་པར་བྱས་པ་མ་ཟད། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་མ་འོངས་པའི་ཕུགས་འདུན་བརྩོན་ལེན་དང་དམིགས་འབེན་ལེགས་འགྲུབ་ཀྱི་ཆ་ལ་ཡང་སྔ་ན་མེད་པའི་མཐུན་རྐྱེན་གང་ལེགས་སྐྲུན་གྱིན་ཡོད་པ་རེད། སློབ་གྲྭ་འདིས་དུས་དང་རྣམ་པ་ཀུན་ཏུ་གསེར་ཆེན་ས་ཁུལ་གྱི་སློབ་ལོ་རན་པའི་སློབ་མ་དག་གི་འོས་འགན་ལེགས་འགྲུབ་དང་རེ་བ་མངོན་འགྱུར་གྱི་ཐད་ལ་ནུས་པ་གང་ཡོད་འདོན་གྱིན་ཡོད་པའི་རྒྱལ་གཉེར་རང་བཞིན་གྱི་རང་རྫོང་གི་ཚད་ལྡན་སློབ་འབྲིང་འབའ་ཞིག་གོ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...