སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྨ་ལྷོ་ཁུལ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-5 9:52:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་ནི་སྤྱི་ལོ1975ལོའི་ཟླ9བར་བཙུགས་ཤིང་། རྩེ་ཁོག་རྩྭ་ཐང་གི་ཆེས་ཐོག་མའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་སྟེ། སྐབས་དེར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་རྩེ་ཁོག་ཡན་ལག་སློབ་གྲྭ་ཡིན། 1980ལོར་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དུ་མིང་བསྒྱུར། སྤྱི་ལོ2011ལོའི་ཟླ9བར་སྔར་གྱི་མིང་དེ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་རུ་བསྒྱུར། མིག་སྔར། སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ79200དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ26449.85དང་། དེའི་ཁྲོད་སློབ་ཁྲིད་ཐོག་ཁང་དང་ཁོངས་གཏོགས་སྡོད་ཁང་གིས་སྨི་གྲུ་བཞི་མ10985.42ཟིནཡོད།
     སློབ་གྲྭ་ཡོངས་ལ་འཛིན་གྲྭ39དང་། དེའི་ནང་དམའ་འབྲིང་འཛིན་གྲྭ27དང་། དམའ་འབྲིང་སློབ་མ1492དང་། མཐོ་འབྲིང་འཛིན་གྲྭ12དང་། མཐོ་འབྲིང་སློབ་མ540ཡོད་པ་བཅས་ཁྱོན་བསྡོམས་སློབ་མ2032ཡོད། སློབ་གྲྭར་དགེ་བཟོ་བ143དང་། དེའི་ནང་ཆེད་གཉེར་དགེ་རྒན141བཅས་ཡོད། སློབ་གྲྭ་དེས་རྩེ་ཁོག་རྫོང་གི་མི་རིགས་སློབ་གསོའི་ལས་དོན་ཐད་ནུས་པ་བཏོན་དང་འདོན་མུས་ཡོད་དོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...