སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པའི་དཔེ་ཆ་འདོར་བ་ནི་ཤེས་ཡོན་འདོར་བ་ཡིན་ཞེས་པའི་གར་ཆུང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-4-27 14:57:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
དཔེ་ཆ་འདོར་བ་ནི་ཤེས་ཡོན་འདོར་བ་ཡིན།

                             2016ལོའི་འཛམ་གླིང་དཔེ་ཀློག་ཉིན་མོའི་དཔེ་ཀློག་ནི་འཚོ་བ་ཡིན་ཞེས་པའི་བྱ་འགུལ་གྱི་བརྗོད་སྙིང་གར་ཆུང་།

འཁྲབ་ཚིག  ཨོ་རྒྱན་ཚེ་རིང་།

སློབ་གྲྭ མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པ།
འཁྲབ་མཁན། དབང་ལྷ། སྙིང་དཀར་འབུམ། ཚེ་རིང་རྡོ་རྗེ།
བར་བཅུག་གསལ་བཤད་པ། ཕྱུག་སྐྱོང་ཐར།
མི་སྣ་གཙོ་བོ།
     དགེ་རྒན་ཚེ་ལོ། སློབ་གྲོགས་དོན་གྲུབ་དང་བཀྲ་ཤིས་གཉིས་ཀྱི་དགེ་རྒན།
     སློབ་གྲོགས་བཀྲ་ཤིས། དོན་གྲུབ་ཀྱི་གྲོགས་པོ། དགེ་རྒན་ཚེ་ལོའི་སློབ་མ།
     སློབ་གྲོགས་དོན་གྲུབ། བཀྲ་ཤིས་ཀྱི་སློབ་གྲོགས། དགེ་རྒན་ཚེ་ལོའི་སློབ་མ།

དཔེ་ཆ་འདོར་བ་ནི་ཤེས་ཡོན་འདོར་བ་ཡིན་ཞེས་པའི་གར་ཆུང་།

སློབ་གྲོགས་བཀྲ་ཤིས།  (མགོ་བོ་ཡར་དགྱེ་སྟེ་འགྲུལ་སྒམ་དྲུད་ནས་འགྲོ་ཞོར། དང་པོ་ཁྱེད་རང་ང་ཡིས་མཐོང་དུས། ངའི་སེམས་པ་དེ་་་་་་་་ཞེས་དེང་གཞས་ཤིག་བླངས་ནས་ཡོང) ཡ་་་སློབ་གྲོགས་དོན་གྲུབ། ཁྱོད་བདེ་མོ།

སློབ་གྲོགས་དོན་གྲུབ། (སྤྲོ་སྣང་གིས་ཡོངས་སུ་ཁེངས་པའི་ངང)འོ། བདེ་མོ་བདེ་མོ། སློབ་གྲོགས་བཀྲ་ཤིས་ཁྱོད་བདེ་མོ་ཡིན་ན།
སློབ་གྲོགས་བཀྲ་ཤིས། (མགོ་བོ་དགྱེ་དགྱེ་ངང)ང་ད་མི་བདེ་རྒྱུ་ཞིག་ཡོད་དམ། དགུན་གནང་ཧྲིལ་བོར་བདེ་མོ་སྐྱིད་པོ་བྱས་ནས་བསྡད་པ་ཡིན། ཨ་ཨ་ཨ། དགུན་གནང་ཡིན་ན་འདི་ངོ་མས་ཅིག་སྐྱིད་ཀི
སློབ་གྲོགས་དོན་གྲུབ། ཡ། དེ་ན་ཁྱོས་རང་གི་བདེ་མོ་སྐྱིད་པོ་ཡིན་པའི་དགུན་གནང་གི་འཚོ་བ་ང་ཅིག་ཤོད་དང་།
སློབ་གྲོགས་བཀྲ་ཤིས། འོ། ཡུམ་ད་ངེས་ངེས་ཅིག་གསོ་ནིར་ཡ། རང་གི་བཟང་ས་རྒྱན་ས་མང་བོར་འགྲོགས་ཏེ་ཡང་མིན་ན་དྲ་ཁང་དུ་རོལ་རྩེད་རྩེ་རུ་སོང་། ཡང་མིན་ན་ཝུ་ཆང་འཐུང་ནས་བསྡད་པ་ཡིན། ཨ་ཨ། ཅིག་གསོ་དང་ནོ་ད།
སློབ་གྲོགས་དོན་གྲུབ། (ཤིན་ཏུ་ཧ་ལས་པར་གྱུར་ཏེ)བཀྲ་ཤིས། བཀྲ་ཤིས། ཁྱོད་འདིར་ངོ་མ་གོ་བ་ཞིག་མེད་དམ། དགེ་རྒན་གྱིས་དེ་འདྲའི་ལས་གཏན་ནས་བྱེད་མི་རུང་ཟེར་བ་མིན་ནམ།
སློབ་གྲོགས་བཀྲ་ཤིས། ཨ་རོ། མྱི་ཚེ་ཐུང་ཐུང་ཡིན་པས་སྐྱིད་རྒྱག་ན་རྒྱག་རན་ཡིན་ནི་རེད། ཡ་ཁྱོས་ཅི་བྱས་པ་ཡིན།
སློབ་གྲོགས་དོན་གྲུབ། འོ། ངས་ལས་བྱ་བྲིས་ཚར་རྗེས་ལྟ་ཀློག་དཔེ་ཆར་བལྟས་པ་ཡིན།
སློབ་གྲོགས་བཀྲ་ཤིས། ཧེ་་་། ཁྱོད་འདི་ད། གནའ་དེང་མ་མྱི་ཚེ་གཏོང་ཟད་དུ་གཏང་ན་གེ་སར་རྒྱལ་བོའི་སྒྲུང་ལ་ལྟོས་ཟེར་བ་རེད། དུས་དེང་སང་ཡང་མྱི་ཚེ་སྟོང་ཟད་དུ་གཏང་འདོད་ན་དཔེ་ཆར་བལྟས་ཆོག་པ་མིན་ནམ། དེའི་རྐྱེན་གྱིས་དཔེ་ཆར་བལྟས་ན་རང་གི་མྱི་ཚེ་སྟོང་ཟད་དུ་བཏང་ནི་རེད། ད་ཁྱོས་ཀྱང་འདང་ཞིག་རྒྱོབས་དང་།  ཐོབ་བྱ་གཅིག་ཀྱང་མེད་ལ། ཡོད་ན་ཤོད་དང་། ཁྱོད་ལ་སྒོར་མོ་གཅིག་གི་ཐོབ་བྱའང་མེད་ལ།
སློབ་གྲོགས་དོན་གྲུབ། ཨ་ཙི། སློབ་གྲོགས་བཀྲ་ཤིས། ཁྱོད་འདིས་ཅི་ཟེར། དཔེ་ཆར་བལྟས་ཏེ་རང་གི་རྒྱུད་ལ་ཡོན་ཏན་འབྱོར་སོང་ན་རང་ལ་རྟག་བརྟན་གྱི་རྒྱུ་ནོར་ཡོད་སོང་བ་མིན་ནམ།
སློབ་གྲོགས་བཀྲ་ཤིས། ད་དེ་མོ་དེ་བཤད་ནས་ཅི་བྱ། ཡང་གཅིག་བཤད་ན་ཁྱོས་ཕ་མའི་སྒོར་མོ་རང་ང་རང་ང་དཔེ་ཆོག་གཟིག་གི་ཐོག་ལ་བསྟིམས་རག་ཁར་རང་གིས་རང་ལ་གོན་རྒྱུ流行རེ་གཟོ་ཉོས་ན་མི་ཧྲ་ནིར།
སློབ་གྲོགས་དོན་གྲུབ། སློབ་གྲོགས་བཀྲ་ཤིས། གོན་རྒྱུ་གཟིག་གིས་མྱིའི་རིན་ཐང་མངོན་ཐུབ་ནི་མ་རེད་ཡ། ཡོན་ཏན་ཡོད་ན་ད་གཟོད་རང་གི་རིན་ཐང་མངོན་ཐུབ་ནི་རེད།
སློབ་གྲོགས་བཀྲ་ཤིས། ད་གང་ལྟར་བརྒྱ་བཤད་ན་སྟོང་བཤད་ན་ཁྱོའི་མགོ་འཐོམས་འདུག  དེ་འདྲ་བྱེད་རག་ཁར་གོན་རྒྱུ་ཡག་པོ་རེ་གོན་ནས个性ཙ་ཡ་གཟིག་བསྟན་ན་ད་སློབ་གྲྭའི་ནང་ན་ཁྱོད་ལ表白བྱེད་པའི་བུ་མོ་མང་ནི་རེད། དེ་དུས་ད་རང་གིས约会ཏག་ཏག་བྱས་བསྡད་ན་ཆོག་ནི་རེད།
སློབ་གྲོགས་དོན་གྲུབ། སློབ་གྲོགས་བཀྲ་ཤིས། ངས་བལྟས་ན་ཁྱོད་ད་དངོས་ནས་མགོ་འཐོམས་འདུག དེང་སང་ཡོན་ཏན་མེད་ན་མ་འོངས་པའི་སྤྱི་ཚོགས་ཐོག་འཚོ་གནས་ཀྱང་བྱེད་དཀའ་ཞེས་ཆེད་ལས་མཁས་པ་ཚོས་བཤད་གི་ཡོད་ལ།
སློབ་གྲོགས་བཀྲ་ཤིས། འོ། ཆེད་ལས་མཁས་པ་རྡོག་གོ་ཁ་ཁོམ་སོང་ན་ཆི་མི་བཤད་གི་ནེ། གང་ལྟར། རང་ཉིད་སྐྱིད་དང་ན་ཆོག
སློབ་གྲོགས་དོན་གྲུབ། ཁྱོད་ལ་ཤེས་ཡོན་མེད་ན་སྐྱིད་ཀྱང་རྒྱག་ཐུབ་རྒྱུ་མ་རེད། ཁྱོད་ད་སྐབས་སྐྱིད་ནོ་འདི་ཁྱོའི་ཕ་མ་གཉིས་ཀའི་དྲིན་ཡིན་ནི་རེད། ཡིན་ཡང་ཁྱོའི་ཕ་མ་ལྷ་ཚེ་རིང་ཡིན་ནི་མ་རེད་ཨ་རོ། ཡང་གཅིག་བཤད་ན། ཁ་དཔེ་ལ། སྔ་དྲོ་འདུག་མང་ན། ཕྱི་དྲོ་འདུར་མི་ཆད་ཟེར་ནི་ཡིན་ན།
སློབ་གྲོགས་བཀྲ་ཤིས། (ཁོང་ཁྲོ་སྐྱེས་ཞོར)ཨ་ཕ་ལེ་ལེ། ད་ཁྱོས་ང་སློབ་གསོ་བཏང་ཁུལ་མ་བྱེད། ང་རང་ཉིད་ཕ་མའི་ཁ་ལ་མ་སོང་། སྐྱ་མོའི་ལམ་ལ་མ་ཞུགས་པར་བསྡད་ཡོད་པས་ཁྱོད་འདྲ་མ་གཟིག་གིས་ཁ་ལ་བྱེད་དགོས་དོན་ཡང་མེད།
སློབ་གྲོགས་དོན་གྲུབ། ཡ་ཡ་ཡ། འུ་གཉིས་ཀས་རྩོད་པ་མཚམས་འཇོག་རྒྱུ་བྱེད། འོ་་། ཁྱོས་དགུན་གནང་གི་ལས་བྱ་ཡོངས་འགྲུབ་བྱས་ཨེ་ཡོད།
སློབ་གྲོགས་བཀྲ་ཤིས། ཧེ་་་་། ལས་བྱའི་རོ་ཕར་ཞོགས་དང་། རང་ག་སྐྱིད་པོ་བདེ་མོ་བྱས་ནས་བསྡད་དང་ན། ད་དགུན་གནང་གི་འཚོ་བ་རོལ་དང་ནུར།
སློབ་གྲོགས་དོན་གྲུབ། འོ། ཡིན་ན་ཁྱོས་ལྟ་ཀློག་དཔེ་ཆར་ཨེ་བལྟས།
སློབ་གྲོགས་བཀྲ་ཤིས། (ཅུང་མི་འཐད་པའི་རྣམ་འགྱུར་གྱིས)དཔེ་ཆ་གཟོ་བལྟས། ང་ཁོམ་སོང་ནི་མ་རེད་དམ། སྐྱིད་ལ་རོལ་དང་ན་ད་ཆོག་ནི་རེད།
སློབ་གྲོགས་དོན་གྲུབ། སློབ་གྲོགས་བཀྲ་ཤིས། དགེ་རྒན་ཚེ་ལོས་ད་སྐབས་འུ་ཚོས་སྡུག་མྱངས་ན་གཞུག་ཕྱོགས་བདེ་སྐྱིད་ལྡན་ཟེར་བ་མིན་ནམ། ཁྱོས་ད་སྐབས་སྐྱིད་བརྒྱབ་པས་གཞུག་ཕྱོགས་སྐྱིད་ཅིག་ཡོད་དམ།
སློབ་གྲོགས་བཀྲ་ཤིས། ཧེ་་་་། དགེ་རྒན་ཚེ་ལོའི་རོ་ཕར་ཞོགས། ཁོ་ཁོམ་སོང་ན་ཁྱི་ཁ་གཟའ་ཁ་ཅི་འདྲ་མི་གླ་གི་ནེ། སློབ་མ་ཚོར་རྒྱུན་དུ་སྤྱང་སྟུག脸盘འདྲ་བོ་འཕང་ངེ་བསྡད་ན་ད་ཁོ་སྐྱིད་ནི་རེད།
སློབ་གྲོགས་དོན་གྲུབ། སློབ་གྲོགས་བཀྲ་ཤིས། ཁྱོས་དགེ་རྒན་ལ་དེ་ལྟར་བཤད་སྲོལ་ཡོད་དམ།
སློབ་གྲོགས་བཀྲ་ཤིས། ཨ་ལ་མིན་ནམ། ཁོ་དགེ་རྒན་ཞིག་ཡིན་པས་ད་ཅི་ཞིག་བྱས་ཀྱང་ཆོག་ནི་རེད། རྒྱུན་དུ་གནས་ལུགས་རྡོག་གོ་བཤད་ནས་གཟེ། ཁོའི་ཁ་མི་ན་ཡང་ངའི་རྣ་ན་གིན་འདུག
སློབ་གྲོགས་དོན་གྲུབ། སློབ་གྲོགས་བཀྲ་ཤིས། སྐད་ཆ་འདི་འདྲ་ཞིག་ཁྱོད་ཀྱི་སེམས་ལ་དྲན་ཕོད་ཀྱང་ཁ་ནས་བཤད་ཐུབ་བམ།
སློབ་གྲོགས་བཀྲ་ཤིས། (ཅུང་མི་འཐད་པའི་ཉམས་ཀྱིས་ཁ་ཕར་འཁོར་ནས) ད་གང་ལྟར་སྐྱིད་རྒྱག་དགོས་ནི་རེད། འཇིག་རྟེན་གྱི་ཁ་དཔེར་ཡང་། སྐྱིད་པོ་རང་གིས་མ་བཅོས་ན་སྐྱིད་པོ་རང་དགར་མི་ཡོང་ཟེར་བ་མིན་ནམ། (སྐད་མགོ་མཐོན་པོའི་ངང)འོ་ལེ། དེ་ལྟར་ད་ངས་སྐྱིད་བརྒྱབ་ནི་ཡིན་ཡ། ད་ཁྱོད་ཀྱིས་ཧ་གོའམ།
སློབ་གྲོགས་དོན་གྲུབ། (སློབ་གྲོགས་བཀྲ་ཤིས་ཀྱི་རྒྱབ་ཏུ་དཔེ་ཁུག་མེད་པ་མཐོང་བས། ཧ་ལས་པའི་སྒོ་ནས)སློབ་གྲོགས་བཀྲ་ཤིས། ཁྱོའི་དཔེ་ཁུག་་་་་་་་་་།
སློབ་གྲོགས་བཀྲ་ཤིས། ཧེ་་་་་་་། དེའི་རོ་ཤར་ཞིག་ལ་ཕོངས་ང་དོངས། དགུན་གནང་གྲོལ་ཁར་སློབ་གྲྭ་ནས་བསྐྱུར་བཞག ད་དེ་མེད་ལ་གང་ལ་འགྲོ་རྒྱུ། དེང་སང་སྒོར་མོ་དགོ་ནི་མང་ནོ་མ་གཏོགས། དཔེ་ཁུག་དགོ་ནི་སུ་ཞིག་ཡོད།
སློབ་གྲོགས་དོན་གྲུབ། (ཡིད་ལ་ཅི་ཞིག་དྲན་པའི་ཚུལ་གྱིས་མགྱོགས་མྱུར་ངང)སློབ་གྲོགས་བཀྲ་ཤིས། ཁྱོས་མིང་ཐོ་བཀོད་ཨེ་ཡོད།
སློབ་གྲོགས་བཀྲ་ཤིས། མེད། ངས་མ་ཐ་མིང་ཐོ་གཟོ་ཅང་བཀོད་མེད། ད་གང་ལྟར་སློབ་གྲྭའི་ནང་ལ་ཐོན་དང་ན་གཅིག་ར་གཅིག་མིན་ནམ།
སྐབས་དེར་ཏག་ཏག་མདུན་ཕྱོགས་ནས་སློབ་གྲོགས་བུ་མོ་གཉིས་ཡོང་བཞིན་པ་མཐོང་།
སློབ་གྲོགས་བཀྲ་ཤིས། ཡ་སློབ་གྲོགས་དོན་གྲུབ། ཁྱོས་ལྟོས་དང་། མཛེས་མ་གཉིས་ཡོང་གོ་ནོ་ཨེ་རིག་གི
སློབ་གྲོགས་དོན་གྲུབ། འོ་གན་གཉིས་ཀ་ངོ་མི་ཤེས་གི  གང་ལྟར་སློབ་ལྭར་བལྟས་ན་ང་ཚོའི་མཐོ་གཅིག་གི་རེད།
སློབ་གྲོགས་བཀྲ་ཤིས། ཕེ་་་་། ན་ནིང་ངས谈བྱས་པའི་ཁ་གཟོ་ལྷམ་ཆད་འདྲ་བོ་དེ་དང་ཨོང་ཤ་གཟོ་སྒྱོ་ལོག་འདྲ་མོ་དེ་གཉིས་ཀར་བལྟས་ན་ད་གན་གཉིས་ཀ་ངོ་མ་ཅིག་ཡག་གི ཡ་གཟུགས་རིང་བོ་ཁྱོས追བྱོས་དང་། གཟུགས་ཐུང་བོ་ངས追བྱེད། འུ་གཉིས་ཀའི་སུའི口才ཧྲ་གི་བལྟ།
     སློབ་གྲོགས་བཀྲ་ཤིས་དེ་མ་ཐག་བུ་མོ་དེ་གཉིས་ཀར་ཅི་ཞིག་བཤད་བརྩིས་ཀྱིས་སོང་།
སློབ་གྲོགས་དོན་གྲུབ། (སློབ་གྲོགས་བཀྲ་ཤིས་འཛིན་ཞོར)སློབ་གྲོགས་བཀྲ་ཤིས། ཁྱོད་ཀྱིས་དེ་ལྟར་བྱེད་སྲོལ་ཡོད་དམ། འདི་སློབ་གྲྭ་རེད་ཡ། ཡང་གཅིག་བཤད་ན་དགེ་རྒན་གྱིས་རྒྱུན་དུ་སློབ་གྲྭ་ནས་སློབ་གྲོགས་ཕན་ཚུན་བར་སློབ་སྦྱོང་དང་མཐུན་སྒྲིལ། བརྩི་བཀུར་བཅས་བྱེད་དགོས་པ་ལས་འབྲེལ་བ་གཞན་འཛུགས་མི་རུང་ཟེར་བ་མིན་ནམ།
སློབ་གྲོགས་བཀྲ་ཤིས། ད་ཁྱོད་སྡོད་ལ་དོངས། ཁ་ཡར་གྲགས་ན་དགེ་རྒན། ཁ་མར་གྲགས་ན་དགེ་རྒན། ཁྱོས་འདང་ཞིག་རྒྱོབས་དང་། ད་འུ་གཉིས་ཀ་ར་མི་ཆེ་ན་མི་ཆུང་ཀི སྟག་ཤ་ར་ཁེར་འགྲོ་ཁེར་འདུག་བྱེད་རག་ཁར་སྨན་བུ་མོ་འཁྲིད་དེ་སོང་ན་མི་བཟང་ངམ། (བུ་མོ་གཉིས་ཀ་བུད་སོང་བ་མཐོང་བས་སེམས་འཚབ་སྟེ་སྐད་མགྱོགས་མོའི་ངང)ཨ་ལ་ཨ་ལ། རོ་འབུད་རྒྱོ། ཁྱོས་ང་ཅིག་བཟུང་སོ་ནས་གསར་མོ་རྐང་འདྲ་འདྲ་གཉིས་ཀ་ཤོར་ཐལ། ཧེ་་་་་ད་སྙིང་གཟིག་ལང་གི་ར་ད།
སློབ་གྲོགས་དོན་གྲུབ། ཡ་་་་་ཡ། ད་ཆོག་གི འགྲོ། འུ་གཉིས་ཀ་དགེ་རྒན་གྱི་སར་མིང་ཐོ་འགོད་དུ་འགྲོ།
     སློབ་གྲོགས་དོན་གྲུབ་སྔུན་ལ་ཅུང་བྲེལ་མྱུར་གྱིས་སོང་བ་ན། སློབ་གྲོགས་བཀྲ་ཤིས། དགེ་རྒན་ཨ་ཧ་མོ་དེར་སྒྱུང་རྒྱུ་ཞིག་མེད་ནོ་ད་ཡང་ལས་བྱར་བལྟ་ན་ཐང་། (སློབ་གྲོགས་དོན་གྲུབ་སྔུན་ལ་བྲེལ་མྱུར་གྱིས་འགྲོ་བ་མཐོང་ནས) དོན་གྲུབ་ཁྱོད་དལ་མོ་ཞིག་བྱོས་དང་། ཨ་མའི་བུ་དལ་དགོས། རྒོན་མའི་བུ་བྲེལ་དགོས་ཟེར་ནི་ཡིན་ན།
     སློབ་གྲོགས་བཀྲ་ཤིས་སློབ་གྲོགས་དོན་གྲུབ་ཀྱི་རྗེས་བསྙེགས་ནས་དགེ་རྒན་གྱི་གཞུང་སྒུབ་ཁང་དུ་སོང་ཞིང་། གཞུང་སྒྲུབ་ཁང་གི་སྒོ་ཁར་ཐོན་པ་ན། གཉིས་ཀས་གཅིག་འཕྲོ་གཅིག་ལ(ཡར་ཞུ)(ཡར་ཞུ)ཟེར་ཞིང་། དགེ་རྒན་གྱིས་ནང་དུ་ཡོང་ཆོག་པའི་བརྡ་བྱིན།
དགེ་རྒན། ཡ་སློབ་གྲོགས་གཉིས་ཀ་བདེ་མོ། ལོ་སྐྱིད་པོ་ཞིག་སར་དང་ངམ།
གཉིས་ཀས་མཉམ་དུ། སར་དང་།
དགེ་རྒན། འོ། བཟང་གི  དེ་ན་དགུན་གནང་ལ་བྲིས་པའི་ལས་བྱ་སྤྲོད་རོགས།
     སློབ་གྲོགས་དོན་གྲུབ་ཀྱིས་དགུན་གནང་གི་ལས་བྱ་སྤྲད་པའི་ཚེ། སློབ་གྲོགས་བཀྲ་ཤིས་ལ་ལས་བྱ་ཅི་ཡང་སྤྲོད་རྒྱུ་མེད་པར་ངོ་ཚ་ནས། ཁོ་གཅིག་པུ་དགེ་རྒན་གྱི་མདུན་ཅོག་སྔུན་ནས་མགོ་བོ་སྒུར་ཏེ་བསྡད། སློབ་གྲོགས་དོན་གྲུབ་ཀྱིས་བྲི་བྱའི་ལས་བྱ་སྤྲད་ཚར་བ་མ་ཟད། དགེ་རྒན་གྱིས་གསུངས་པ་ལྟར་དགུན་གནང་ལ་བཀླགས་རྒྱུའི་དཔེ་ཆའི་ནང་དོན་དང་རང་རང་གི་མྱོང་བ་ལྷུག་པོར་བརྗོད་ཚར་བ་ན། སློབ་གྲོགས་བཀྲ་ཤིས་ལ་ཅི་བྱ་འདི་བྱ་མེད་པར་གྱུར་ཅིང་། སྔར་བཞིན་ངོ་མདོག་དམར་བོར་གྱུར་ཏེ་མགོ་བོ་ཅུང་སྒུར་ཉམས་ཀྱིས་འོག་མིག་ལང་གྱིན་བལྟས།
དགེ་རྒན། (སློབ་གྲོགས་བཀྲ་ཤིས་ཀྱི་སར་ལྟ་ཞོར)སློབ་གྲོགས་བཀྲ་ཤིས། ཁྱེད་ཀྱིས་ལས་བྱ་སྤྲོད་རོགས། ད་དུང་དགུན་གནང་ལ་བལྟས་པའི་དཔེ་ཆའི་ནང་དོན་དང་རང་གི་མྱོང་བ་ཤོད་ཅིག
     སློབ་གྲོགས་བཀྲ་ཤིས་ཁ་མི་གྲག་པར་མགོ་བོ་སྒུར་ཏེ་བསྡད།
དགེ་རྒན།(སློབ་གྲོགས་དོན་གྲུབ་ཀྱི་སྔུན་ནས་ཁོ་ལ་སྡིགས་མོལ་སོགས་མ་བྱས་པར) སློབ་གྲོགས་དོན་གྲུབ། ཁྱོད་གནས་སྐབས་སོང་དང་། ང་སློབ་གྲོགས་བཀྲ་ཤིས་ལ་ཁ་བརྡ་ཞིག་ཡོད་གི
དགེ་རྒན། ཡ་སློབ་གྲོགས་བཀྲ་ཤིས། ཁྱེད་ཀྱིས་སློབ་ལྭ་མི་གྱོན་དོན་ཅི་ཡིན།
     སློབ་གྲོགས་བཀྲ་ཤིས་ཀྱིས་བྲང་སྟོད་སྒུར་སྒུར་གྱིས་ལག་པས་མགོ་ལ་རེག་ཙམ་རེག་ཙམ་བྱེད་ཞོར། ཤབ་ཤུབ་ཙམ་ལས་སྐད་ཆ་གསལ་བོ་ཞིག་མ་བཤད།
དགེ་རྒན། སློབ་གྲོགས་བཀྲ་ཤིས། ཁྱོད་ཀྱིས་དྲང་མོར་ཤོད་དང་། ཁྱོད་ཀྱི་ལས་བྱ་ག་རེ། ལས་བྱ་བྲིས་ཨེ་ཡོད།
སློབ་གྲོགས་བཀྲ་ཤིས། (སྐྲག་སྣང་ཅུང་ཟད་སྐྱེ་ཞོར)ལས་་་་་་ལས་་་་་་་ལས་བྱ་བྲིས་་་་་་མེད་་་།
དགེ་རྒན། འོ་ན་ལྟ་ཀློག་དཔེ་ཆར་བལྟས་ཨེ་ཡོད།
སློབ་གྲོགས་བཀྲ་ཤིས། (སྔར་བཞིན་སྐྲག་སྣང་ཅུང་ཟད་སྐྱེ་ཞོར། བཤད་ན་འདོད་ལ་མི་འདོད་ཀྱི་ངང་ནས་སྐད་དམའ་མོས)དཔེ་ཆར་་་་་་་་བལྟས་མེད།
དགེ་རྒན། འོ་ན་ཁྱོད་ཀྱིས་དགུན་གནང་ཧྲིལ་བོར་ཅི་ཞིག་བྱས་པ་ཡིན།
     སློབ་གྲོགས་བཀྲ་ཤིས་ཀྱིས་དགེ་རྒན་ལ་གོ་མི་གོ་བའི་སྐད་ཆ་རྡབ་རྡིབ་རེ་འགའ་བཤད།
དགེ་རྒན། ཨ་རོ། ཁྱོད་ད་ལོ་ཡང་ན་ནིང་ལྟར་འགྲོ་ཐབས་འདུག་ཐབས་བྱེད་ན་འདོད་དམ། ད་ལོ་ཁྱོད་ལོ་གཅིག་གི་ཇེ་ཆེར་སོང་བས་བསམ་ཇེ་ཤེས་སུ་སོང་ན་མི་ཆོག་གམ། ཡ་ཤོད་དང་། ཁྱོའི་སེམས་ན་སྡུག་ཅིག་ཡོད་པ་ཡིན་ནམ་ཡང་ན་ཁྱོད་ལ་འཚོ་བའི་ཕྱོགས་སུ་དཀའ་ངལ་འདྲ་ཡོད་པ་ཡིན། ཡོད་ན་དགེ་རྒན་ལ་ཤོད་དང་། དགེ་རྒན་གྱིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་བྱས་ཆོག
སློབ་གྲོགས་བཀྲ་ཤིས། (སྐད་དམའ་མོའི་ངང)དཀའ་ངལ་འདྲ་མེད།
དགེ་རྒན། འོ་ན་ཁྱོད་ཀྱིས་སློབ་སྦྱོང་མི་བྱེད་པ་ཅི་ཡིན། ན་ནིང་ལོ་ཧྲིལ་བོར་ལེ་ལོ་དང་སྒྱིད་ལུག་གི་དབང་དུ་སོང་ནས་ཉི་མ་འཁྱོལ་ཐབས་བྱས། ལྟོས་དང་། སློབ་གྲོགས་དོན་གྲུབ་ན་ནིང་སློབ་གྲྭ་འདིར་ཡོང་དུས་སྦྱངས་འབྲས་ཞན་ཡང་ཁོས་དཔེ་ཀློག་ལ་འབད་བརྩོན་བྱས་པས་ད་ལྟ་འཛིན་གྲྭའི་ནང་གི་རྩེ་མ་རེད། ཁྱོད་གཉིས་སློབ་གྲོགས་བཟང་བོ་མིན་ནམ། ཁྱོས་ཁོར་སློབ་སྦྱོང་བྱས་ན་མི་ཆོག་གམ། ཇེ་སྡུག་ནས་ཇེ་སྡུག་ལ་སོང་ན་ཁྱོད་ལ་འཐོབ་བྱ་ཅི་ཞིག་ཡོད། ད་བར་སློབ་གྲོགས་མང་བོ་ཞིག་ཡར་རྒྱས་སུ་ཡོང་གིན་འདུག  ཁྱོད་ལ་ཁོག་དཔུང་ཞིག་མེད་དམ། བཟང་ན་ངན་ན་གསར་བུ་ཞིག་རེད་ཡ།
སློབ་གྲོགས་བཀྲ་ཤིས། (ཅུང་མནོངས་འགྱོད་སྐྱེས་པའི་ངང)ཡ་ཡ། དགེ་རྒན་ལགས། ངས་ཁྱེད་ཀྱི་ཁར་ཉན་ཏེ་སློབ་སྦྱོང་ལ་ཧུར་བརྩོན་བྱེད།
དགེ་རྒན། ཁྱེད་ཀྱིས་ད་ནས་བཟང་སྟེ་དཔེ་ཆར་ལེགས་པོར་ལྟོས་དང་།ཡོན་ཏན་བཟང་བོ་ཞིག་འབྱོར་སོང་ན་མ་འོངས་པར་རང་གི་མི་ཚེའི་ཁ་ཕྱོགས་ཤིག་རྙེད་ཐུབ་པ་ཁོ་ཐག་ཡིན། དགེ་བཤེས་གསུང་རབ་རྒྱ་མཚོ་ཚང་གིས། ནོར་རིན་ཆེན་ལྟ་བུའི་ཤེས་ཡོན་དེ། ། རྒྱུ་ལོངས་སྤྱོད་གཞན་དང་གཏན་མི་འདྲ། ། མི་བཙན་པོས་དབང་གིས་འཕྲོག་མི་ཐུབ། ། མི་ཆོམ་པོས་འཇབ་ནས་རྐུ་མི་ཐུབ། ། མཐོ་ལ་མགོར་འགྲོ་དུས་འཁུར་མི་དགོས། ། དམའ་ཤུར་ལ་འབབ་དུས་འདྲུད་མི་དགོས། ། རང་གང་ཐོན་ས་ལ་རྗེས་སུ་འབྲངས། ། ས་གང་ཐོན་དེ་ནས་བཀོལ་ན་ཆོག ། དེ་ལྟར་ཤེས་ཡོན་གྱི་རིན་ཐང་མང་བོ་གསུངས་ཡོད་པ་རེད། དེ་བས། ཁྱོད་དུས་རྒྱུན་རྣམ་གཡེང་དང་ལེ་ལོའི་དབང་དུ་གཏན་ནས་འགྲོ་མི་རུང་། སློབ་གྲྭ་ན་ཡོད་ན་ཆོག མེད་ན་ཆོག གང་ལྟར་དཔེ་ཆ་མང་བོར་བལྟ་དགོས། བལྟས་ན་རང་གི་མི་ཚེ་ཡོན་ཏན་དང་ལྡན་པ་ཞིག་བྱ་ཐུབ། འོན་ཀྱང་དེ་ལས་ལྡོག་སྟེ། རང་གི་སློབ་སྦྱོང་གི་འགན་འཁུར་གཡུགས་ནས་ཉི་མ་ལ་ཚེ་མགོ་ནས་ཡལ། གོ་རེ་ཁ་བཟས་རུམ་ནས་ཚར་ན་མ་འོངས་པར་གྱོང་ཆེན་པོ་རེག་རྒྱུ་རེད། དཔེ་ཆ་འདོར་བ་ནི་ཤེས་ཡོན་འདོར་བ་ཡིན། རེ་བ་ཡིན་ན། དཔེ་ཆར་དགའ་བར་གྱིས་དང་། དེས་ཁྱོད་ལ་སྟོབས་ཤུགས་སྩོལ་ངེས་ཡིན། དགེ་རྒན་གྱིས་སེམས་བསམ་པའི་གཏིང་ནས་ནན་ཏན་སྒོས་རེ་བ་དང་བཅས་ཏེ་བཤད་ཞོར་བཀྲ་ཤིས་ཀྱི་ཕྲག་མགོར་ལག་པས་ཡང་ཡང་རྡུང་། སློབ་གྲོགས་བཀྲ་ཤིས་སྔར་གྱི་བྱས་ཉེས་ལ་འགྱོད་གདུང་ཆེན་པོ་ཞིག་སྐྱེས་ཤིང་། ད་ནས་བཟུང་ལེ་ལོ་དང་སྒྱིད་ལུག རྐྱལ་སྟོང་སོགས་ཀྱི་ལས་མི་བྱ་བར་སློབ་སྦྱོང་ལ་འབད་པ་ལྷུར་ལེན་གྱིས་དཔེ་ཆར་ལེགས་པོར་བལྟས་ཏེ། རང་གི་མི་ཚེ་དོན་དང་ལྡན་པ་ཞིག་ཏུ་འགྱུར་བར་ད་ནས་བཟུང་སྟེ་འབད་འབུངས་བྱ་རྒྱུ་ཡིན་ཞེས་དགེ་རྒན་གྱི་མདུན་ནས་དམ་བཅས་པའོ། །
     མཇུག་ཏུ། འཁྲབ་སྟོན་པ་གསུམ་པོས་མགྲིན་གཅིག་ཏུ། དུས་དེ་རིང་མི་རང་ཉིད་ནས་བཟུང་སྟེ། དཔེ་ཀློག་གི་ཁྲོད་ནས་འཇིག་རྟེན་གྱི་བདེན་པ་དང་མི་ཚེ་ཡི་སྙིང་བོ་འཚོལ། དུས་གཏན་དུ།
གསལ་བཤད། འདིར་དགོས་དབང་གིས་ཚིག་གི་ཟུར་དུ་མར་ཨ་མདོའི་ཁ་སྐད་དང་རྒྱ་སྐད་ལ་བསྟུན་ཡོད་པས་དེའི་དོན་མཁྱེན་པར་མཛོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...