སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སྐྱེས་མའི་སྙན་ངག་གྱེར་འདོན་འགྲན་བསྡུར་སྤེལ་བ།
རྩོམ་པ་པོ། ཟླ་བ་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-7-12 9:08:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

སྙན་ངག་གྱེར་འདོན་བྱེད་བཞིན་པ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སྐྱེས་མའི་སྙན་ངག་གྱེར་འདོན་འགྲན་བསྡུར་སྤེལ་བ།


སྙན་ངག་གྱེར་བཞིན་པ།


སྙན་ངག་གྱེར་བཞིན་པ།


སྙན་ངག་གྱེར་བཞིན་པ།

སྙན་ངག་གྱེར་བཞིན་པ།


སྙན་ངག་གྱེར་བཞིན་པ།

     དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས། རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་། ། རྒྱལ་པོའི་རྒྱལ་སྲིད་སྤྲང་པོའི་འཚོ་ཐབས་སོགས། ། ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་། ། མེད་དུ་མི་རུང་བ་ནི་བུད་མེད་ཡིན། ། ཞེས་དང་། ཁ་དཔེར་ཡང་། བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན། །ཞེས་པ་ལྟར། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སློབ་གྲོགས་སྐྱེས་མ་རྣམས་ལ་རང་རང་གི་འཇོན་ཐང་ངོམ་སའི་སྟེགས་བུ་ཞིག་བསྐྲུན་ཆེད། ཉེ་སྔོན། སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན་རྣམ་པའི་མཛུབ་ཁྲིད་འོག་སློབ་མའི་སྤྱིའི་ཚོགས་པའི་བུད་མེད་ཚན་ཁག་གིས་གཙོ་སྒྲུབ་བྱས་པའི་སྐབས་བདུན་པའི་བཞོ་ལུང་རྟགས་མའི་སྐྱེས་མའི་སྙན་ངག་གྱེར་འདོན་འགྲན་བསྡུར་གཟབ་རྒྱས་ངང་སྤེལ་ཐུབ་པ་བྱུང་།
     བོད་ཡིག་ཁྲིད་དཔྱོད་ཁག་གི་དགེ་རྒན་ཀླུ་མོ་ཐར་གྱི་ཤིས་ཚིག་དང་སྦྲགས་ནས་འགྲན་བསྡུར་དངོས་སུ་མགོ་བརྩམས་པ་དང་། འགྲན་ཞུགས་སློབ་གྲོགས་རྣམས་ཀྱིས་རང་རྩོམ་ལས་གཞན་བོད་རིགས་བུད་མེད་རྩོམ་པ་པོ་གྲགས་ཅན་དཔལ་མོ་དང་འཆི་མེད་སོགས་ཀྱི་སྙན་ངག་གྱེར་བྱ་རུ་བཟུང་བ་དང་། དུས་རབས་ཀྱི་འགན་འཁྲི་སེམས་པའི་དཀྱིལ་དུ་བཅིངས་ཤིང་། མ་ཡུམ་མཐོ་སྒང་འདིའི་བུད་མེད་ཀྱི་ལས་དབང་སྙན་ངག་གི་སྦུབས་སུ་དྲངས་ནས་ཡིད་ཀྱི་ཚོར་འདུ་ཤུགས་དྲག་པ་དང་དབྱངས་ཀྱི་འགྱུར་ཁུགས་སྙན་མོས་སློབ་གླིང་འདིའི་དགེ་སློབ་ཡོངས་ཀྱི་ཡིད་ཀྱི་དང་བ་ཅིག་ཅར་དུ་བཀུགས།
     མཇུག་མཐར། ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམ་པ་དགེ་རྒན་གནམ་མཚོ་སྐྱིད་ཀྱིས་འགྲན་བསྡུར་གྱི་གནས་ཚུལ་སྤྱི་སྡོམ་དང་འབྲེལ་ནས་ཛ་དྲག་ཆེ་བའི་འགྲན་རྩོད་ཀྱི་དུས་རབས་འདིར་སློབ་གྲོགས་སྐྱེས་མ་ཚོས་གཉའ་བ་སྒུར་སྒུར་དང་སྒྱིད་པ་ཞུམ་ཞུམ་བྱས་ཏེ་མི་འདུག་པར་མ་ཡུམ་གངས་ལྗོངས་ཀྱི་ལས་ལ་བརྩོན་ཞིང་ངང་རྒྱུད་རིང་བའི་བོད་རིགས་བུད་མེད་ཅིག་གི་རང་གཤིས་གཙང་མ་དེ་རྒྱུད་ལ་བླངས་ཤིང་། རང་ཚུགས་ཀྱི་བ་དན་དཀར་པོ་དགུང་ལ་བཏེགས་ཏེ། དྭངས་གཙང་གི་སློབ་གླིང་འདི་ནས་མ་འོངས་འབྱུང་འགྱུར་གྱི་རྨི་ལམ་འཚོལ་དགོས་པའི་སྐོར་གྱི་བསླབ་བྱ་རིན་ཐང་བྲལ་བ་གནང་སྟེ་འགྲན་བསྡུར་མཇུག་བསྡུས་པའོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...