སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ནག་ཆུ་ས་གནས་བྱིས་གསོ་ཁང་དང་པོས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་བྱེད་སྒོ་སྤེལ་བ།
རྩོམ་པ་པོ། དབང་འདུས་སྐྱབས། རྩོམ་སྒྲིག་པ། Michung དུས་ཚོད། 2017-4-12 8:43:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
ཚོགས་རའི་ཡུལ་དངོས།
     ཉེ་ཆར་ནག་ཆུ་ས་གནས་བྱིས་གསོ་ཁང་དང་པོས་སྐབས་དང་པོའི་མཐོ་རིམ་བོད་སྐད་ཡིག་ཡིག་གཟུགས་འགྲན་བསྡུར་གྱིས་བྱེད་སྒོ་ཞིག་གཉེར་ཡོད།   ད་ཐེངས་བྱེད་སྒོའི་ཁྲོད་དུ་ས་གནས་ཆབ་གྲོས་ཀྱི་རྒན་སོག་རུ་ཀརྨ་ཀུན་ཁྱབ་དང་སྤུན་ཟླའི་སློབ་གྲཱ་ཁ་ཤས་ཀྱི་བོད་ཡིག་དགེ་རྒན་དེ་བཞིན་ཁྱིམ་བདག་ཚབ་བྱེད་མི་སྣ་སོགས་དཔྱད་འདེམས་པ་གདན་ཞུ་བྱས་ཡོད་ལ་ཁྱོན་མཐོ་རིམ་སློབ་ཐོན་འཛིན་གྲཱ་བརྒྱད་ཀྱི་སློབ་མ་40ཙམ་འགྲན་བསྡུར་ནང་བཞུགས་ཡོད།
     ད་ཐེངས་བྱེད་སྒོ་འདི་ནི་མཐོ་རིམ་སློབ་མའི་དགའ་ཕྱོགས་དང་བསྟུན་ནས་བོད་ཡིག་རྨང་གཞིའི་ཡིག་གཟུགས་སོགས་རྒྱ་ཆེའི་ཁྱིམ་བདག་ལ་གཟིགས་འབུལ་ཞུས་པ་དང་བྱེད་སྒོའི་ཁྲོད་དུ་བྱིས་པ་རྣམས་སྤྲོ་སྣང་ངང་དུ་ཡིག་གཟུགས་ལ་ནན་ཏན་འཇུག་ཅིང་། རྒྱ་ཆེའི་ཁྱིམ་བདག་ཡོངས་ཀྱིས་ཚད་མཐོའི་འདེང་འཇོག་ཆེན་པོ་ཐུབ་ཡོད།  བྱེད་སྒོའི་མཇུག་ཏུ་རྒན་ཀརྨ་ཀུན་ཁྱབ་དང་སློབ་སྤྱི་རྣམས་ཀྱིས་བྱེད་སྒོའི་འཇུག་བསྡོམས་གསུང་བཤད་གནང་ལ་སློབ་གྲཱའི་དབུ་ཁྲིད་མཆོག་ནས་མ་འོངས་པར་མུ་འཐུད་བྱེད་སྒོ་འདི་རིགས་གང་མང་སྤེལ་རྒྱུའི་འཛུབ་སྟོན་གནང་ཡོད།
འབྲེལ་ཡོད་པར་རིས





 
 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...