སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཡིག་སྙེ་བྲིས་ལུགས་ཀྱི་ཡིག་གཟུགས་སྦྱོང་བརྡར་འཛིན་གྲྭ་འགོ་ཚུགས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-10 11:04:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

     2008ལོར། བོད་ཡིག་ཡིག་གཟུགས་དེ་ཉིད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཀྱི་མིང་ཐོར་བཀོད་པ་དང་། 2014ལོར་སྙེ་བྲིས་ལུགས་ཀྱི་ཡིག་གཟུགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་རྒྱ་བསྐྱེད་རྣམ་གྲངས་ཁག་བཞི་པར་བཀོད་པ་རེད། ཡིག་གཟུགས་མཁན་པོ་བཀྲ་ཤིས་དོན་འགྲུབ་ནི་སྙེ་བྲིས་ལུགས་ཀྱི་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་ཞིག་ཡིན་པ་དང་། དབྱར་ཁའི་གུང་གསེང་སྐབས་སུ་ཁོང་གིས་བོད་ལྗོངས་དཔེ་མཛོད་ཁང་དུ་སློབ་ཡོན་མི་དགོས་པར་ཡིག་གཟུགས་སློབ་ཁྲིད་གནང་བ་རེད།
     བཀྲ་ཤིས་དོན་འགྲུབ་ཀྱིས་ལོ7ནས་བཟུང་བོད་ཡིག་ཡིག་གཟུགས་སྦྱོང་འགོ་བརྩམས་པ་དང་། ལོ11སྐབས་སུ་སྙེ་བྲིས་ལུགས་ཀྱི་དགེ་རྒན་ཆེན་མོ་སྙེ་མོ་ཡུན་ནན་བཀྲ་ཤིས་རྡོ་རྗེ་དགེ་རྒན་དུ་བསྟེན་པ་དང་། ལོ13སྐབས་སུ་དགེ་ཕྲུག་ཐོན་ཞིང་། ལོ14སྐབས་སུ་ཕོ་བྲང་པོ་ཏ་ལར་རྒྱུགས་ལོན་ཏེ་བྱམས་པ་ལྷ་ཁང་གི་རྩ་ཆེན་དཀོན་པའི《བཀའ་འགྱུར》མྱུར་སྐྱོབ་ཉམས་གསོ་ལས་ཀར་ཞུགས་པ་རེད།

     བཀྲ་ཤིས་དོན་འགྲུབ་ཀྱིས་ད་ལྟ་སྔར་བཞིན་བསྟན་བཅོས་འབྲི་བའི་ལས་ཀ་བྱེད་བཞིན་ཡོད་པ་དང་། ཁོང་གིས་དུས་རྒྱུན་དུ་གསེར་བྲིས་དང་དངུལ་བྲིས་བྱེད་བཞིན་ཡོད་པ་རེད། ཁོང་གིས་ངོ་སྤྲོད་བྱས་ཏེ་ཁྱད་ཆོས་ཆེས་ཆེར་ལྡན་པའི་བོད་ཡིག་ཡིག་གཟུགས་འབྲི་བར་ཚོན་རྫས་ནི"བཀྲ་ཤིས་རྫས་བརྒྱད་ཀྱི་ཚོན་ལས་གྲུབ་པའི་ཁུ་བ"སྟེ་ གསེར་དང་དངུལ། མུ་ཏིག བྱུ་རུ། དུང་དཀར། ཤིང་དམར་ཁུ་བ། མཚལ་བ། གཡུ་བཅས་དབུར་འཐག་བྱས་ནས་བཟོས་པ་ཡིན་པ་དང་། དེས་བོད་ཡིག་ཡིག་གཟུགས་ལ་ཉར་ཚགས་ཀྱི་རིན་ཐང་ཧ་ཅང་ཆེ་བ་ལྡན་པར་འགྱུར་བར་བྱེད་ཐུབ་ཀྱི་ཡོད་པ་རེད།
     བཀྲ་ཤིས་དོན་འགྲུབ་ཀྱིས་དུས་རྒྱུན་དུ"ཚོན་ཁུ"བེད་སྤྱད་དེ་སློབ་ཁྲིད་བྱེད་པར་གོམས་ཡོད་པ་དང་། 2002ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཞིབ་འཇུག་སློབ་མ་དང་འབུམ་རམས་པ་སློབ་མར་ཡིག་གཟུགས་སློབ་ཁྲིད་བྱེད་འགོ་ཚུགས་ཤིང་། བཀྲ་ཤིས་དོན་འགྲུབ་ཀྱིས་རིན་པ་མི་དགོས་པར་སློབ་མ200ལྷག་ལ་ཡིག་གཟུགས་སློབ་ཁྲིད་བྱེད་མྱོང་བ་རེད། གོང་གི་པར་རིས་ནི་སྐྱིལ་ཀྲུང་བསྡད་ནས་ལག་གཡོན་པས་དཔེ་ཤིང་བཟུང་ཞིང་གཡས་པས་སྨྱུ་གུ་བཟུང་བའི་ལོ་9ཅན་གྱི་བོད་རིགས་བུ་མོ་ཟླ་བ་ཆོས་སྒྲོན་གྱིས་བོད་ཡིག་སྙེ་བྲིས་ལུགས་ཀྱི་ཡིག་གཟུགས་སྦྱོང་བཞིན་ཡོད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...