སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡོངས་འཛིན་འཚོལ་བཤེར་ལོ་འཁོར1ལོན་པར་སྙན་ངག་གྱེར་འདོན་སྤེལ་བ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-23 17:03:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཡོངས་འཛིན་བོད་ཡིག་འཚོལ་བཤེར་ལོ་འཁོར་གཅིག་ལོན་པར་རྟེན་འབྲེལ་ཞུ་བར། སྤྱི་ཟླ8པའི་ཚེས22ཉིན། ཡོངས་འཛུན་དཔུང་སྡེ་ཡིས་ཡོངས་འཛིན་འཚོལ་བཤེར་ལོ་འཁོར་གཅིག་ལོན་པའི་རྟེན་འབྲེལ་ངག་གི་མཆོད་པ་ཞེས་སྙན་ངག་གྱེར་འདོན་གྱི་བྱ་འགུལ་སྤེལ་ཞིང་། ཡོངས་འཛིན་གྱི་ལས་སྒྲུབ་ཁང་སོ་སོའི་ལས་གྲོགས11འགྲན་བསྡུར་ལ་ཞུགས། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚེ་ལོ་དང་བརྟག་ཞིབ་པ་སྙིང་བྱམས་རྒྱལ། ཀྲུའུ་རིན་གཞོན་པ་རྡོ་རྗེ་རབ་བརྟན་སོགས་ཀྱིས་ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམ་པའི་འགན་ཁུར།


བྱ་དགའ་ཨང་དང་པོ་ཐོབ་མཁན།


བྱ་དགའ་ཨང་གཉིས་པ་ཐོབ་མཁན།

     སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་དེ་ལས་སྒྲུབ་པ་དབང་རྒྱལ་ཚེ་རིང་རང་གིས་བརྩམས་པའི་སྙན་ངག《བརྩེ་བའི་ཡུམ་ཆེན་མཆོག་ལ་བསྟབས་པའི་མཆོད་མགུར་དྲན་པའི་གདུང་དབྱངས》ལས་དངོས་སུ་མགོ་བརྩམས་ཤིང་། ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར། སྨན་བླ་ཐར་གྱི་རང་གིས་བརྩམས་པའི་སྙན་ངག《ཚན་རྩལ་འཕྲུལ་གྱི་འཇུག་སྒོ། ང་ཡི་ཡོངས་འཛིན》ཞེས་པར་དཔྱད་འདེམ་པ་དང་གཟིགས་མོ་བས་ཁས་ལེན་ཐོབ་སྟེ་བྱ་དགའ་ཨང་དང་པོ་དང་། ལྷ་སྐྱིད་སྒྲོལ་མ་དང་དབང་རྒྱལ་ཚེ་རིང་གཉིས་ལ་བྱ་དགའ་ཨང་གཉིས་པ། རྡོ་རྗེ་རིན་ཆེན་དང་དབྱང་མིན་ཡུའུ། སྟོབས་ལྡན་རྡོ་རྗེ་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ།


བྱ་དགའ་ཨང་གསུམ་པ་ཐོབ་མཁན།

     སྙན་ངག་གྱེར་འདོན་མཇུག་རྫོགས་དུས། དཔྱད་འདེམ་པ་སོ་སོས་བྱ་འགུལ་གྱི་གནས་ཚུལ་ལ་སྤྱི་བསྡོམས་བྱས་པ་དང་། ཐེངས་འདིའི་བྱ་འགུལ་གྱི་ཕུལ་བྱུང་གྲུབ་འབྲས་ལ་ཁས་ལེན་དང་གདེང་འཇོག་ལེགས་པོ་གནང་ལ། རྗེས་ཕྱོགས་ཡོངས་འཛིན་གྱི་ལས་མི་རྣམས་ཀྱིས་སྤོབས་པ་ཆེར་བསྐྱེད་སྒོས་བྱ་བར་ཧུར་བརྩོན་བྱ་རྒྱུ་དང་མ་འོངས་པར་རང་ཉིད་ཀྱི་ཕུལ་བྱུང་གྲུབ་འབྲས་ལས་སྤྱི་ཚོགས་ལ་ཞབས་ཞུ་དང་མེས་རྒྱལ་ལ་དྲིན་འཇལ་བར་རེ་སྨོན་ཞུས།


ཕུལ་བྱུང་བྱ་དགའ་གནང་བ།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...