སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མི་རིགས་སྐད་ཡིག་ཁྲིམས་ལུགས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་དངོས་སྦྱོང་གནས་གཞི་མཚོ་ལྷོ་ནས་བཙུགས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-9-7 10:01:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཉེ་ཆར། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་དགེ་ཐོན་སློབ་ཆེན་གྱི་མི་རིགས་སྐད་ཡིག་ཁྲིམས་ལུགས་ཤེས་ལྡན་མི་སྣ་སྐྱེད་སྲིང་སློབ་གསོའི་ལག་ལེན་དངོས་སྦྱོང་གནས་གཞི་དེ་མཚོ་ལྷོ་ཁུལ་མི་དམངས་ཞིབ་དཔྱོད་ཁང་དུ་སྒོ་བྱང་བཀལ་ཏེ་དངོས་སུ་བཙུགས་པ་རེད།
     དངོས་སྦྱོང་གནས་གཞི་འདིས་ཞིབ་དཔྱོད་ཁང་དང་སློབ་གྲྭ་ཕྱོགས་གཉིས་མི་འདང་ས་ཁ་གསབ་དང་། ཐོན་ཁུངས་མཉམ་སྤྱོད། གཉིས་ཕན་མཉམ་རྒྱལ། ལྷན་དུ་འཕེལ་རྒྱས་ཀྱི་རྩ་དོན་ལྟར། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སྐད་གཉིས་དགེ་རྒན20ལྷག་དང་། ཁྲིམས་ལུགས་རིག་པའི་དགེ་རྒན་ཆེན་མོ། ཞིབ་དཔྱོད་དཔོན་སོགས་གདན་ཞུ་སྒོས་ལས་བྲལ་རྣམ་པས་ཞིང་ཆེན་ཡོངས་ཀྱི་སྐད་གཉིས་མི་སྣར་སྐད་གཉིས་གསོ་སྦྱོང་བྱེད་ཅིང་། གཙོ་ཆེར་སྐད་གཉིས་མི་སྣའི་ཆབ་སྲིད་གཞུང་ལུགས་ཆུ་ཚད་དང་ལས་སྒོའི་གྱོད་སྒྲུབ་ཆུ་ཚད་གསོ་སྐྱོང་བྱས་ཏེ། གསོ་སྐྱོང་བྱ་ཡུལ་གྱི་དངོས་སྤྱོད་ནུས་པ་དང་ལག་ལེན་ནུས་པ་མཐོར་འདེགས་སུ་གཏོང་བ་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...