སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་མི་རིགས་སློབ་གྲྭའི་སློབ་གླིང2ལ་མི་རིགས་གཞུང་ལུགས་སོགས་རྟེན་གཞི་འཛུགས་པའི་ཆོག་འཐུས་ཐོབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-10-27 11:16:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     ཉེ་ལམ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་མི་རིགས་གཞུང་ལུགས་དང་སྲིད་ཇུས་ཞིབ་འཇུག་གི་རྟེན་གཞི་སྐོར་གསུམ་པ་འཛུགས་སྐོར་གྱི་བརྡ་ཁྱབ་བསྒྲགས་ཤིང་། པེ་ཅིང་མི་རིགས་སློབ་ཆེན་གྱི་མི་རིགས་ཞིབ་འཇུག་ལྟེ་གནས་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་སོགས་རྟེན་གཞི་༡༨རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་མི་རིགས་གཞུང་ལུགས་དང་སྲིད་ཇུས་ཞིབ་འཇུག་གི་རྟེན་གཞི་སྐོར་གསུམ་པ་འཛུགས་པའི་ལས་ཁུངས་སུ་ཆོག་འཐུས་གནང་ཡོད་པ་རེད།
     ཐེངས་འདིར་ཆོག་འཐུས་གནང་བའི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་མི་རིགས་གཞུང་ལུགས་དང་སྲིད་ཇུས་ཀྱི་མཚོ་སྔོན་ཞིབ་འཇུག་རྟེན་གཞི་དེས་ཐོག་མར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་ཚན་རང་སྟེང་གི་དགེ་མཚན་དང་། མཚོ་སྔོན་ཞིང་ཆེན་མི་རིགས་རིག་པ་དང་། བོད་རིག་པ་སོགས་ཀྱི་རིག་ཚན་གཙོ་བོ་དག་ལ་གཞི་བཅོལ་ཏེ། མཚོ་བོད་མཐོ་སྒང་གི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དང་དཔལ་འབྱོར་དར་སྤེལ་སྐོར་གྱི་ཞིབ་འཇུག་དང་། མཚོ་བོད་མཐོ་སྒང་གི་མི་རིགས་ཆོས་ལུགས་ཀྱི་གནད་དོན་དང་སྤྱི་ཚོགས་གཏན་འཇགས་སྐོར་གྱི་ཞིབ་འཇུག  མཚོ་བོད་ས་གནས་ཀྱི་མི་རིགས་ཁག་གི་རྒྱལ་ཁབ་ཁས་ལེན་སྐོར་གྱི་ཞིབ་འཇུག  མཚོ་བོད་མཐོ་སྒང་གི་འབྲོག་པའི་སྤྱི་ཚོགས་གོང་སྤེལ་གནད་དོན་སྐོར་གྱི་ཞིབ་འཇུག   མཚོ་བོད་མཐོ་སྒང་གི་མི་རིགས་སྤྱི་ཚོགས་ཀྱི་གནད་དོན་དང་སྤྱི་ཚོགས་དོ་དམ་སྐོར་གྱི་ཞིབ་འཇུག་སོགས་ཞིབ་འཇུག་གི་མངའ་ཁོངས་ཁག་ལྔ་བཀོད་སྒྲིག་བྱས་ཡོད། རྟེན་གཞི་དེའི་ཀྲུའུ་རེན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བསོད་དོན་འགྲུབ་ཀྱིས་འགན་བཞེས་ཡོད་པ་རེད།
     དེང་ཕྱིན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གིས་རང་སྟེང་གི་དགེ་མཚན་ཅི་ཡོད་གང་ལེགས་བཏོན་ནས་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་མི་རིགས་གཞུང་ལུགས་དང་སྲིད་ཇུས་ཀྱི་མཚོ་སྔོན་ཞིབ་འཇུག་རྟེན་གཞི་འཛུགས་པའི་ལས་ལེགས་པོར་བསྒྲུབ་ཏེ། མི་རིགས་ལས་དོན་ཐད་ནས་རིག་མཛོད་རྩེ་གྲ་འཛུགས་བཟོ་དང་མཚོ་བོད་མཐོ་སྒང་གི་སྤྱི་ཚོགས་གོང་སྤེལ་དངོས་དང་འཚམ་པའི་ཆུ་ཚད་མཐོ་ཤོས་ཀྱི་ཞིབ་འཇུག་གྲུབ་འབྲས་ལེན་པར་འབད་འབུངས་བྱས་ཏེ། མཚོ་བོད་མཐོ་སྒང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་པར་ནུས་ཤུགས་འདོན་རྒྱུ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...