སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རིག་སྨོན་གྲོང་རྡལ་འཁྱམ་རུ་སྡེ་བའི་ཆུང་འབྲིང་སློབ་མའི་གསབ་སྦྱོང་འཛིན་གྲྭ་སྐབས་བཞི་བ་བསྡུས་པ།
རྩོམ་པ་པོ། དཀོན་མཆོག་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-29 9:04:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སློབ་གསོ་ནི་མིའི་རིགས་འཕེལ་རྒྱས་འགྲོ་བྱེད་ཀྱི་རྒུད་ཤུགས་གཙོ་བོ་ཞིག་ཡིན་ལ།  སློབ་གསོ་ནི་ཡོད་ན་དེ་ཆོག མེད་ན་དེ་ཕོངས་པས། མི་རིགས་སུ་དང་གང་ལ་མཚོན་ན་ཡང་སློབ་གསོ་ཡར་སྤེལ་གཏོང་རྒྱུ་ནི་ཆེས་མེད་དུ་མི་རུང་བའི་གོམས་གཤིས་སུ་གྱུར་དུ་འཇུག་རྒྱུར་ཧ་ཅང་གལ། དེ་བས། རིག་སྨོན་གྲོང་བརྡལ་རབ་འོག་མ་སྡེ་བའི་སློབ་ཆེན་སློབ་མ་རྣམས་ཀྱིས་ལོ་རེ་བཞིན་ཆུང་འབྲིང་སློབ་མ་རྣམས་ཀྱི་ཤེས་ཡོན་གྱི་ཆུ་ཚད་གོང་འཕེལ་དང་སློབ་གསོའི་གོ་རྟོགས་ཇེ་མཐོ་རུ་གཏོང་རྒྱུ་གཙོར་བཟུང་སྟེ། མ་སྐུལ་དང་བླངས་ཀྱི་སྒོ་ནས་དགུན་གནང་གི་དུས་ཚོད་བེད་སྤྱད་ནས། ནངས་སྔ་དགོང་འཕྱི་ཉལ། གཉིད་བཅག་ཟས་དོར་གྱི་དཀའ་ཁག་ལ་མ་འཛེམ་པར། སྡེ་བའི་ཆུང་འབྲིང་སློབ་མ་རྣམས་དངོས་ཡོད་དཀའ་ངལ་ལ་དམིགས་ཏེ་གསབ་སྦྱོང་འཛིན་གྲྭ་ལོ་རེ་བཞིན་བསྡུ་བཞིན་ཡོད་ལ། ད་ལོ་ཡང་སྡེ་བའི་གསབ་སྦྱོང་འཛིན་གྲྭ་སྐབས་བཞི་བ་བསྡུས་ཡོད། ལོ་རེ་ནས་ལོ་རེ་བཞིན་སྡེ་བ་འདིའི་སློབ་གསོའི་གྲུབ་འབྲས་ཇེ་བཟང་ནས་ཇེ་ལེགས་སུ་བྱུང་དང་འབྱུང་བཞིན་ཡོད།

     2014ལོ་ནས་ནས་བཟུང་འཁྱམས་རུ་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་བྷོ་དང་སྡེ་དཔོན་ཚེ་དབང་ཕུན་ཚོགས་གཉིས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་འོག་སྡེ་བའི་སློབ་ཆེན་པ་སྐོར་ཞིག་གིས་མ་སྐུལ་དང་བླངས་ཀྱིས་སྡེ་བའི་སློབ་གསོའི་རྣམ་པ་ཇེ་ལེགས་སུ་གཏོང་རྒྱུའི་ཐད་ལ་བྱ་བ་སྣ་ཚོགས་བསྒྲུབ་ལ། ལྷག་པར་དུ་སྡེ་བའི་ནང་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ལ་དམིགས་ནས་ལོ་རེའི་དགུན་གནང་སྐབས་ཀྱི་དུས་ཚོད་བེད་སྤྱད་ནས་གསབ་སྦྱོང་འཛིན་གྲྭ་སོགས་བཙུགས་ནས་སྡེ་བའི་སློབ་གསོའི་རྣམ་པ་ཡར་ཐོན་གྱི་ཐད་ལ་བྱས་རྗེས་བླ་མེད་བཞག བསྟུད་མར་ལོ་ངོ་འདི་དག་གི་རིང་སྤེལ་བའི་བྱ་འགུལ་འདིས་སྡེ་བའི་མང་ཚོགས་དང་ཁྱིམ་བདག སློབ་མ་དག་གིས་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་དང་བསྔགས་བརྗོད་ཆེན་པོ་ཐོབ་བོ།།

     མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་བརྡལ་འཁྱམས་རུ་རབ་འོག་མ་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་དང་བོད་ཁམས་ཕྱུགས་ལས་མཉམ་ལས་ཀྱི་དཔེ་སྟོན་སྡེ་བ་ཞིག་ཡིན་ལ། ཉེ་བའི་ལོ་འདི་གར་ཏང་གི་ཡང་དག་པའི་དབུ་ཁྲིད་དང་སྲིད་ཇུས་འོག་སྡེ་བའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...