སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ལྗོངས་འབྲིང་ཆུང་སློབ་གྲྭའི་དགེ་རྒན་གྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་དང་འགྲེམ་སྟོན་བྱ་འགུལ་སྤེལ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-2-5 10:35:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ2པའི་ཚེས1ཉིན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་གཉིས་མཉམ་འབྲེལ་སྒོས་སྒྲུབ་པའི་གཡག་གུའི་པིར་རྩལ་ཞེས་པའི་རིག་གནས་མུ་འབྲེལ་བྱ་འགུལ་སྐབས་གཉིས་པ་སྟེ་ལྗོངས་ཡོངས་འབྲིང་ཆུང་སློབ་གྲྭའི་དགེ་རྒན་གྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་དང་འགྲེམ་སྟོན་བྱ་འགུལ་དེ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ།
     ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་གཙོ་ཆེར་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་གདལ་དང་དར་སྤེལ་བྱ་རྒྱུ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེ་བའི་འབྲིང་ཆུང་སློབ་གྲྭའི་དགེ་རྒན་ལ་སློབ་སྦྱོང་དང་འབྲེལ་འདྲིས་བྱེད་པའི་སྟེགས་བུ་བསྐྲུན་ཏེ། བོད་ལྗོངས་ཀྱི་དགེ་རྒན་རྣམ་པའི་ཡིག་གཟུགས་པིར་རྩལ་དང་གཟི་དཔལ་ཡོངས་སུ་འདོན་སྤེལ་སྒོས། དགེ་རྒན་གྱི་གཏིང་ནུས་འདོན་སྤེལ་དང་། དགེ་རྒན་གྱི་ཡིག་གཟུགས་སློབ་ཁྲིད་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་དེ་ཡིན།

     རྒྱུས་ལོན་པ་ལྟར་ན། ཐེངས་འདིར་བསྡོམས་པས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ7གྱི་འབྲིང་ཆུང་སློབ་གྲྭའི་དགེ་རྒན་གྱི་ཡིག་གཟུགས་བརྩམས་ཆོས412འབྱོར་བ་དང་། འགྲན་བསྡུར་ལ་ཞུགས་པའི་བརྩམས་ཆོས་ནི་ཡིག་གཟུགས་སྒྱུ་རྩལ་གྱི་ཆུ་ཚད་ཅུང་མཐོ་ཞིང་། རང་སྐྱོང་ལྗོངས་ཡིག་གཟུགས་པའི་མཐུན་ཚོགས་ཀྱི་འགོ་ཁྲིད་དང་འབྲེལ་ཡོད་ཡིག་གཟུགས་པས་གྲུབ་པའི་དཔྱད་བཤེར་ཚོགས་པས་དྲང་བདེན་དང་འདྲ་མཉམ། སྤྱི་བསྒྲགས་བཅས་ཀྱི་དཔྱད་འདེམས་བརྒྱུད། མཇུག་མཐར་བརྩམས་ཆོས114འགྲེམ་སྟོན་དུ་ཞུགས་ཐུབ་པ་བྱུང་ཞིང་། དེ་ལས་བརྩམས་ཆོས64ལ་བྱ་དགའ་ཐོབ། ཕུལ་བྱུང་བརྩམས་ཆོས་འདི་དག་ནི་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ཉིན5ལ་དགྲམ་རྒྱུ་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...