སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཐེམ་ཆེན་རྫོང་དཔེ་མཛོད་ཁང་གིས་དཔེ་ཀློག་མང་ཚོགས་ཀྱི་འདོད་བློ་བསྐངས།
རྩོམ་པ་པོ། དོན་གྲུབ་ཚེ་རིང་། བོང་སྟག་རི་ལུ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-18 11:27:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ང་ཚོ་གསར་འགོད་པ་དག་ཐེམ་ཆེན་རྫོང་དུ་ཐོན་མ་ཐག  གནས་དེ་ན་ད་སྐབས་གསར་དུ་ཕྱེས་པའི་དཔེ་མཛོད་ཁང་ཞིག་ཡོད་པ་དང་། དེ་ཡིས་ས་གནས་མང་ཚོགས་ཀྱི་དཔེ་ཀློག་གི་འདོད་བློ་སྐོང་གིན་ཡོད་པ་ཐོས་མ་ཐག ང་ཚོ་ཐད་ཀར་དུ་དཔེ་མཛོད་དེ་རུ་ཕྱིན་པ་ཡིན།

     ཐེམ་ཆེན་རྫོང་དཔེ་མཛོད་ཁང་ནི་སྔོན་གྱི་ཞིན་ཧྭ་དཔེ་ཁང་གི་རྨང་གཞིའི་སྟེང་ནས་ཇེ་ལེགས་ཇེ་རྒྱས་སུ་བཏང་བ་ཞིག་ཡིན་ལ། དུས་རབས་ཀྱི་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་ཕྱིན་པ་དང་བསྟུན་ནས་ས་གནས་ཀྱི་རིག་གནས་པའི་སྡེ་ཁག་ལ་མཚོན་ན་དཔེ་མཛོད་ཁང་ནི་མེད་དུ་མི་རུང་བའི་ཤེས་རིག་གི་ཞིང་ས་གཤིན་པོ་ཞིག་ཏུ་གྱུར་ཡོད། དེ་བས། ཐེམ་ཆེན་རྫོང་གི་གོང་རིམ་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་འོག་ད་ལྟ་དཔེ་མཛོད་འདིའི་ཕྱི་ནང་གི་ཁོར་ཡུག་གྲལ་དག་པོར་བསྒྲུབས་ཡོད་པ་དང་། ལྷག་ཏུ། དཔེ་མཛོད་ཁང་འདི་རུ་སྲིད་ཇུས་དང་། གནའ་དཔེ། ཆོས་ལུགས། རྩོམ་རིག་སོགས་ཀྱི་རྒྱ་བོད་ཡི་གེ་གཉིས་ཀའི་དཔེ་ཆ་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཉིན་རེ་རེ་བཞིན་གནས་འདིར་ཡོང་ནས་དཔེ་ཆ་ཉོ་བ་དང་དཔེ་ཆ་ལྟ་ཀློག་བྱེད་པའི་མི་གྲངས་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་གིན་ཡོད།

     ས་གནས་ཤིག་གི་ཤེས་བྱ་དང་དཔལ་འབྱོར་གོང་འཕེལ་འགྲོ་དགོས་ན། དེ་ནི་རིག་གནས་དང་འབྲལ་ཐབས་མེད་ལ། རིག་གནས་ནི་ཡོད་ཚད་ཀྱི་རྨང་གཞི་ཡིན། ཐེམ་ཆེན་རྫོང་གིས་འདི་འདྲའི་དཔེ་ཀློག་རིག་གནས་ཀྱི་གར་སྟེགས་ཤིག་ས་གནས་མང་ཚོགས་ལ་བསྐྲུན་པ་དེས། ཀློག་མཁན་གྱིས་ལྟ་འདོད་པའི་དཔེ་ཆ་ལག་ཏུ་རེག་དཀའ་བའི་གནད་དོན་ཐག་གིས་བཅད་པ་དང་། དུས་རྒྱུན་དཔེ་ཀློག་ལ་སྤྲོ་བ་ཡོད་པའི་མང་ཚོགས་དང་གཞོན་སྐྱེས་མང་པོ་ཞིག་གི་དཔེ་ཀློག་གི་འདོད་བློ་བསྐོངས་བར་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...