སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཀྲུང་ཧྭའི་ལེགས་རྩོམ་གྱེར་འདོན་འགྲན་སྡུར་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-1 11:50:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ5བའི་ཚེས29ཉིན། གསེར་ཆེན་རྫོང་སློབ་གསོ་ཅུས་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཀྲུང་ཧྭའི་ལེགས་རྩོམ་གྱེར་འདོན་འགྲན་སྡུར་སྐབས་དང་པོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་བརྒྱུད་སྒྲོག་ལྟེ་གནས་ནས་སྤེལ།
     ཐེངས་འདིར་རྫོང་ཡོངས་ཀྱི་སློབ་གྲྭ20ཡི་དགེ་སློབ600ལྷག་འགྲན་སྡུར་ལ་ཞུགས། འདི་ནི་ལེགས་རྩོམ་གྱེར་འདོན་བརྒྱུད་ནས་སློབ་མར་དཔེ་ཀློག་ལ་སྤྲོ་བ་དང་ལེགས་རྩོམ་ལ་འཇུག་པ། “དགའ་བ་བཞི་དང་ལྡན་པ་གསུམ”གྱི་བསམ་བློ་གསོ་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བགྱིས་ཏེ། སློབ་ཕྲུག་གི་ཕྱོགས་ཡོངས་འཚར་ལོངས་འབྱུང་བར་མཐུན་རྐྱེན་དང་གར་སྟེགས་བསྐྲུན།

     ཐེངས་འདིའི་འགྲན་སྡུར་ནི་རྣམ་གྲངས་མང་ཞིང་ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། འགྲན་སྡུར་གྱི་རྣམ་གྲངས་ལ་སློབ་མར་བོད་སྐད་དང་རྒྱ་སྐད་ཀྱི་ཐུན་མོང་དང་མི་སྒེར་གྱི་གྱེར་འདོན་འགྲན་སྡུར་དང་། དགེ་རྒན་ལ་བོད་རྒྱ་སྐད་ཀྱི་མི་སྒེར་གྱི་གྱེར་འདོན་འགྲན་སྡུར་བཅས་སྐད་རིགས་ཟུང་གི་ནང་དོན་ལྡན་པར་བྱས་ཡོད།
     ཐེངས་འདིའི་བྱ་འགུལ་ལ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོའི་འོག  བོད་སྐད་ཡིག་གི་དགེ་རྒན་སྐལ་བཟང་ཚེ་བརྟན་དང་དགེ་རྒན་རིན་ཆེན་ཉི་མ་སོགས་ཀྱིས་འགན་ཁུར་ཏེ། དམའ་གཉིས་རིམ་པའི་སློབ་བུ53རྩ་འཛུགས་བགྱིས་ཏེ། ཉིན10ལྷག་གི་རིང་ལ་ཚགས་དམ་པོའི་རྩ་འཛུགས་དང་ཕུན་སུམ་ཚོགས་པའི་སྟ་གོན་གྱི་ལས་ལ་ཞུགས།

     སློབ་ཕྲུག་ཐུན་མོང་གི་གྱེར་བྱའི་སྙན་ངག་ནི་བཀའ་གདམས་ཕ་ཆོས་ལས་མཉམ་མེད་ཇོ་བོ་རྗེ་བོད་དུ་ཕེབས་པའི་ལུང་གི་གཏམ《ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན》ཞེས་པ་དེ་དང་། སློབ་མ་ཕག་མོ་ལྷ་སྒྲོན་གྱི་གྱེར་བྱའི་སྙན་ངག་ནི་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་མཛད་པའི《རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་ཚིགས་བཅད་བཅུ་བདུན་པ》ཞེས་པ་དེ་ཡིན་པ་དང་།  དགེ་རྒན་རིན་ཆེན་ཉི་མའི་འགྲན་ཞུགས་སྙན་ངག་གི་ཁ་བྱང་ནི་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ། རྗེ་ཡབ་སྲས་གསུམ་གྱི་ཡ་གྱལ།རྗེ་དགེ་འདུན་གྲུབ་པས་མཛད་པའི《མཉམ་མགུར་ཤར་གངས་རི་མ》བཅས་ཡིན།

     སློབ་གྲྭའི་ཕུན་སུམ་ཚོགས་པའི་རིག་གནས་ཁ་དབུགས་དང་དགེ་སློབ་ཟུང་གི་རྩོལ་བ་ལ་བརྟེན་ནས་ཐེངས་འདིར་སློབ་ཕྲུག་ཐུན་མོང་གི་གྱེར་འདོན་ཁྲོད་ཨང་དང་པོ་དང་། སློབ་ཕྲུག་ཕག་མོ་ལྷ་སྒྲོན་ལ་མི་སྒེར་གྱི་གྱེར་འདོན་ཁྲོད་ཨང་གཉིས་པ། དགེ་རྒན་རིན་ཆེན་ཉི་མར་ཨང་གསུམ་པ་བཅས་ཀྱི་གཡུར་དུ་ཟ་བའི་འབྲས་བཟང་བླངས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...