སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སྐབས་གཉིས་པའི་དཔེ་ཀློག་མྱོང་ཚོར་བགྲོ་གླེང་སྤེལ།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-19 9:05:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཇི་སྐད་དུ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞལ་ནས། རྒྱུན་དུ་ཉིན་རེ་བཞིན་དཔེ་ཆར་བལྟ་བ་མ་ཆག་པ་གལ་ཆེ། ཁ་ཏོན་འདོན་པ་ལས་དཔེ་ཆ་བལྟ་བ་བཟང་། དཔེ་ཆར་བལྟས་ན་སེམས་དཔེ་ཆའི་སྟེང་དུ་འདུག་པས། དཔེ་ཆར་བལྟ་རྒྱུ་ཆག་པ་ལས་ཁ་ཏོན་འདོན་རྒྱུ་ཆག་སོང་ན་སྐྱོན་མེད། ང་ལ་ནད་གཞན་ཅི་བྱུང་ནའང་མིག་ཞར་མི་ཉན། མིག་ཞར་བ་ལས་མཛེས་ནད་བྱུང་ན་བྱུང་། ཞེས་གསུངས་པ་ལྟར། ང་ཚོས་ཀྱང་དཔེ་ཆར་བལྟ་བ་གཙིགས་སུ་འཛིན་རྒྱུ་གལ་ཆེ་ཞིང་ལྷག་པར་སློབ་མ་རྣམས་ལ་དཔེ་ཀློག་ཇི་སྙེད་ཅིག་བྱེད་དུ་འཇུག་རྒྱུ་དེ་བས་འགངས་ཆེ་བས། སློབ་གྲོགས་ཡོངས་ལ་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཞིག་ཆགས་པའི་སླད་དུ་སློབ་གྲྭའི་དབུ་ཁྲིད་དག་གི་རྒྱབ་སྐྱོར་དང་རྒན་ལྕགས་རྒྱལ་འབུམ་ལགས་ཀྱི་སྣེ་ཁྲིད་གྱིས་ཏེ་སློབ་གྲྭས་སྐབས་གཉིས་པའི་ཆོས་རྩིག་རྟགས་མའི་དཔེ་ཀློག་མྱོང་ཚོར་བགྲོ་གླེང་གི་བྱ་འགུལ་སྤེལ།

     སྐབས་སྔོན་མ་དང་བསྡུར་ན་ཐེངས་འདིའི་བགྲོ་གླེང་གི་སྐད་རིགས་ལའང་བོད་སྐད་ཆིག་རྐྱང་གི་རྣམ་པ་ལས་ཐོད་བརྒལ་བྱས་ནས་བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་གསུམ་གྱི་ལམ་ནས་མཐོ་གཅིག་མཐོ་གཉིས་ཀྱི་འཛིན་གྲྭ་སོ་སོ་ནས་བགྲོ་གླེང་བ་སློབ་མ12བདམས་ཐོན་བྱུང་སྟེ་རང་གིས་བལྟས་ཟིན་པའི་དཔེ་དེབ་སྟེ། 《逆境中成长》《阿甘正传》《海底两万里》《The Adventures of Huckleberry Finn》<The world wars> 《རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ》། 《ཁ་བ་སྙིང་ལྕགས་ཀྱི་བརྩམས་ཆོས་ཕྱོགས་བསྡུས》། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》། 《ཀུན་བཟང་བླ་མའི་ཞལ་ལུང》། 《བོད་སོག་གི་རིག་གནས་འབྲེལ་བའི་ཞིབ་འཇུག》  《རྒྱ་གར་འཕགས་པའི་རིག་གནས་དང་བོད་ཀྱི་རིག་གནས་ཀྱི་འབྲེལ་བ》། 《ཉུག་ཏུན་གྱི་གཏམ་རྒྱུད》། 《བོད་ཀྱི་གཏམ་རྒྱུད》(སྟོད་ཆ)བཅས་ཀྱི་གང་དེའི་ནང་དོན་དང་དེས་རང་ཉིད་ལ་སྦྱིན་པའི་ཤེས་བྱ་ཡི་ཕན་ཡོན་སོགས་གསལ་བོར་སློབ་གྲོགས་རྣམས་དང་མཉམ་རོལ་བྱས།

     སློབ་གྲོགས་རྣམས་ཀྱིས་ལྟ་ཀློག་བྱས་པའི་དཔེ་དེབ་གང་དེའི་ནང་དོན་ཞིབ་ཅིང་ཕྲ་བ་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་གཞན་ཡང་གང་མང་བཀླགས་ཡོད་པར་མ་ཟད། གཅིག་ལས་གཅིག་ལྷག་གི་སྐྱེས་སྦྱང་གཉིས་ཀྱི་ཡོན་ཏན་ལ་བརྟེན་ནས་རང་གི་བརྗོད་བྱའི་དོན་རྣམས་ཇི་བཞིན་སློབ་གྲོགས་རྣམས་ལ་ངོ་སྤྲད་ཅིང་། སློབ་གྲོགས་སོ་སོར་དགེ་རྒན་གཅིག་རེས་དེར་འབྲེལ་གྱི་དཔྱད་བརྗོད་སྤེལ་ཞིང་རྗེས་ཕྱོགས་དཔེ་ཀློག་ཇི་ལྟར་བྱེད་དགོས་པ་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་དཔེ་དེབ་ངོ་སྤྲོད་གནང་། རྣམ་པ་འདིའང་སྐབས་སྔོན་མའི་དཔེ་ཀློག་གི་བྱེད་སྒོ་ལས་ཁྱད་དུ་འཕགས་ཤིང་དགེ་སློབ་ཟུང་འབྲེལ་གྱིས་དཔེ་ཀློག་གི་གོམས་གཤིས་བསྩལ་ཅིང་ཕྱོགས་སྟོན་གྱི་ནུས་པ་གལ་ཆེན་ཐོན། དེ་བཞིན་དཔྱད་འདེམས་པ་རྣམས་ཀྱིས་ཀྱང་དྲང་གཞག་དང་དོན་དངོས་ཀྱིས་བགྲོ་གླེང་བ་སློབ་གྲོགས་ཚོར་འོས་འཚམས་ཀྱི་སྐར་འབྲས་བྱིན་པ་དང་། བགྲོ་གླེང་མཁན་གྱི་སློབ་གྲོགས་ཚང་མར་བྱ་དགའི་གཟིགས་བཟོས་རིམ་པ་བཞིན་དུ་བསྩལ།

     མཐར་སློབ་གཙོ་གཞོན་པ་སྟོབས་ལྡན་གྱིས་ཐེངས་འདིའི་དཔེ་ཀློག་གི་བྱ་འགུལ་ལ་སྤྱི་སྡོམ་གྱིས་སློབ་གྲོགས་ཚང་མ་འཛམ་གླིང་གི་སྔོན་ཐོན་མི་རིགས་ཁག་དཔེར་དྲངས་ནས་རང་སྟོབས་ཀྱིས་དཔེ་ཀློག་ལ་གོམས་པར་བྱ་དགོས་པ་དང་ཇི་ལྟར་ལྟ་ཀློག་བྱེད་དགོས་པ་སོགས་ནན་གྱིས་གདམས་སོ།། ཐེངས་འདིའི་དཔེ་ཀློག་བྱ་འགུལ་གྱིས་སློབ་གྲྭའི་སློབ་མ་རྣམས་དཔེ་ཀློག་གི་ཕྱོགས་ལ་བློ་ཁ་ཕྱོགས་པར་བྱས་ཤིང་འབད་པ་ལྷོད་མེད་ཀྱིས་དཔེ་དེབ་སྣ་མང་ལ་བལྟས་ནས་ཤེས་པའི་བློ་འབྱེད་ཅིང་ལྟ་བའི་རྒྱ་བསྐྱེད་པར་རྔོ་ཆེན་པོ་ཐོགས་ངེས་སོ།།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...