སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་རྒྱ་སྐད་གཉིས་སྙན་ངག་འགྲན་ཚོགས་དང་ཐུ་བྷོད་སྙན་ངག་མཁན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-26 10:12:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


སྙན་ངག་པ་འཇུ་སྐལ་བཟང་ལ“ཐུ་བྷོད་སྙན་ངག་མཁན་པོའི”བྱ་དགའ་ཐོབ།

     སྤྱི་ཟླ6པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཡོངས་བོད་རྒྱ་སྐད་གཉིས་སྙན་ངག་འགྲན་ཚོགས་སྐབས་གཉིས་པ་དང་ཐུ་བྷོད་སྙན་ངག་མཁན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ལྷ་སར་སྤེལ་ཞིང་། རྒྱལ་ཡོངས་བོད་རྒྱ་སྐད་གཉིས་སྙན་ངག་འགྲན་ཚོགས་སྐབས་གཉིས་པའི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་དང་། བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་དང་སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། ཡུན་ནན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། མི་རིགས་རྩོམ་རིག བོད་ལྗོངས་རྩོམ་རིག་བཅས་ཀྱིས་རོགས་སྒྲུབ་གནང་།

     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་སྙན་ངག་འགྲན་བསྡུར་ཆེན་མོར་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན། པེ་ཅིང་བཅས་འགྲན་ཁུལ6བཙུགས་ཤིང་། བསྡོམས་པས་བོད་ཡིག་བརྩམས་ཆོས376དང་རྒྱ་ཡིག་བརྩམས་ཆོས236འབྱོར། བསོད་ནམས་དབང་རྒྱལ་གྱི《ཡར་ཀླུང་རོང་ས་བཙན་པོ་མེས་པོའི་ཚབ》ཅེས་པར་བོད་ཡིག་སྡེ་ཚན་གྱི་བྱ་དགའ་རིམ་པ་དང་པོ་ཐོབ་ལ། སྤེན་པ་བཀྲ་ཤིས་ཀྱི《ཡར་ཀླུང་ཆེན་པོར་ཕུལ་བའི་རྡུལ་བྲལ་སེམས་ཀྱི་གཉུག་མདངས》དང་། ལྕགས་ཐར་རྒྱལ་གྱི《ཡར་ཀླུང་། མེ་ལོང་ངོས་ཀྱི་རི་མོ》 ། རྟ་མགྲིན་ཚེ་རིང་གི《བཙན་པོའི་ཕ་ས། སྔོ་ལྗང་གི་ཡར་ཀླུང་གྲོག་རོང》། ནམ་མཁའ་ཚེ་རིང་གི《སྲིད་པའི་ཐབ་རྡོ》བཅས་ལ་ཕུལ་བྱུང་སྙན་ངག་གི་བྱ་དགའ་དང་། མཚོ་སྔོན་གྱི་འཇུ་སྐལ་བཟང་ལ“ཐུ་བྷོད་སྙན་ངག་མཁན་པོའི”བྱ་དགའ་ཐོབ།
     དེ་ཡང་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་ས་ཁུལ་གྱི་བོད་ཀྱི་རྩོམ་རིག་སྙན་ངག་གསར་རྩོམ་ལ་སྐྱེས་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ངོམ་ཞིང་། བོད་ཀྱི་རྩོམ་རིག་གསར་རྩོམ་ལའང་དོ་སྣང་ཆེན་པོ་བྱེད་བཞིན་འདུག དེ་མིན། ད་དུང་མིག་སྔར་བོད་ཀྱི་རྩོམ་རིག་དེ་རྒྱ་ཡིག་དང་དབྱིན་ཡིག་ལ་འབྲེལ་འདྲིས་མང་དུ་འགྲོ་བཞིན་ཡོད་ཅིང་། དཔེར་ན་ཀྲུང་གོའི་སྒྲུང་གཏམ་གྲགས་ཅན་བཞི་དང་། འཛམ་གླིང་བྱིས་སྒྲུང་གྲགས་ཅན《ཞག་སྟོང་གཅིག་གི་གཏམ་རྒྱུད》སོགས་བོད་ཡིག་ཏུ་ལོ་ཙཱ་བྱས་ཟིན་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...