སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ང་ཚོས་ཇི་ལྟར་བྱས་ན་རྟགས་ཀྱི་འཇུག་པར་དབྱེ་བ་གསལ་བོ་ཞིག་ལོན་ཐུབ།
རྩོམ་པ་པོ། རྒྱ་གྲོལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-26 11:33:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     དབྱེ་བ་ཞེས་པ་འདི་ནོར་བ་འདྲ། གོ་བ་གསལ་བོ་ཞིག་ཡིན་རྒྱུ་རེད། ངས་བསམ་ན་རྟགས་འཇུག་གི་གནད་གསུམ་ཡོད་ཀི  གཅིག་སྒྲ་གདངས་རེད། གཅིག བདག་གཞན་དུས་གསུམ་རེད། གཅིག མིང་མཐའ་འདྲེན་ཚུལ་རེད། དེ་སྔའི་གཞུང་ལུགས་ལ་བལྟས་ན་དཀའ་མོ་ཞིག་རེད། ལག་ལེན་ལ་བསམ་ན་ཤིན་ཏུ་དཀའ་ཀི རྟགས་འཇུག་ལ་ཐོབ་ཐང་ལྟ་བུར་གཞུང་ལུགས་ལ་ནུས་པ་ཐོན་པའི་སྡོམ་ཚིག་ཅིག་མེད་ཀི  དེ་རྟགས་འཇུག་ལག་ལེན་གྱི་སྟེང་ན་དཀའ་བའི་རྒྱུ་མཚན་རེད། དེ་ཡང་ཅུང་གསལ་བོ་བཤད་ན་འདི་ལྟར་རེད།
     དང་བོ་སྒྲ་གདངས་ཀྱི་ཐད་ནས་བཤད་ན་ཕོ་མོ་མ་ནིང་གི་འཇུག་ཚུལ་དྲག་ཞན་ལྟར་ངོས་ཟིན་རྒྱུ་སླ་གི ཡིན་ནའང་། ལག་ལེན་གྱིས་ངོས་འཕྲོད་དཀའ་ཀི དེའི་རྐྱེན་ཡང་ང་ཚོའི་སྒྲ་གདངས་ཀྱི་འགྱུར་ཚུལ་གྱི་ཐད་ནས་མཛུབ་སྟོན་བྱས་ནས་ཁྲིད་དགོས་ནི་རེད། སློབ་མ་ཚོས་སྒྲ་གདངས་ལ་ཞིབ་འཇུག་བྱས་ན་གོ་བ་གསལ་བོ་ཆགས་ནི་རེད།
     གཉིས་པ། བདག་གཞན་དུས་གསུམ་རེད། བདག་གཞན་ཐད་ནས་ད་དུང་བརྡ་ཆད་ཀྱང་གཅིག་གྱུར་བྱུང་མེད་ཀི གཞུང་ལུགས་ཐད་ནས་ད་དུང་མི་མཐུན་པ་སྟེ་དཔེར་ན་བྱ་བའི་ལས་དང་བྱ་ལས་སོགས་ཀྱང་སྣ་ཚོགས་བཤད་ཀི་ཡོད་ཀི ཕན་ཚུན་འདྲེས་ཉེན་ཡོད་ཀི  བྱ་བའི་ལས་དང་བྱེད་པའི་ལས་ངོས་འཛིན་ཀྱང་མག་མོག་རེད། ལྷག་པར་དུས་གསུམ་དང་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་སྤྱོད་སྟངས་རེད། དེ་དག་གི་གཞུང་ལུགས་རགས་ཆེ་ཞིང་སྤྱི་འགྲོས་རྣམ་པ་ཆགས་མེད་པས་རེ་རེ་བཞིན་སྦྱང་དགོས་ནི་རེད། དེ་ཧ་ཅང་དཀའ་ཀི བོད་ཡིག་གི་དཀའ་སའང་འདིའི་སྟེང་ན་ཡོད། བརྡ་སྤྲོད་པས་ད་དུང་ཞིབ་འཇུག་བྱ་དགོས་ཀི  དེ་ཞིབ་འཇུག་པའི་ལས་ཀ་རེད། ང་ཚོས་ལག་ལེན་ངོས་ནས་ཤེས་པ་ལ་རྟགས་འཇུག་སྦྱངས་པ་ནས་དཔེ་ཆ་བལྟས་ནའང་འདྲ། རྩོམ་ཡིག་འབྲི་ནའང་དག་ཡིག་ལ་ཐུགས་མཉམ་འཇོག་པར་ལོབས་ན་འགྲིག་གི དེ་ལྟར་རྒྱུན་དུ་བྱས་ན་ཡི་གེའི་རྐང་ཆུད་ནི་རེད།
     གསུམ། མིང་མཐའ་འདྲེན་ཚུལ་རེད། རྗེས་འཇུག་གི་ངོས་འཛིན་མ་མཐུན་པས་མིང་མཐའ་འདྲེན་ཚུལ་ཡང་མི་མཐུན་མོད། དེ་ལ་གནད་དོན་ཆེན་པོ་མེད་ཀི་རྒྱུན་དུ་ཐུགས་མཉམ་བཞག་ན་འགྲིག་གི  སྟབས་བདེ་བའི་སྒོ་ནས་གཞུང་ལུགས་ངེས་དགོས་ན་ཐོག་མར་རྩ་བ་བློར་བཟུང་ནས་འགྲེལ་འཁྱོངས་ན་བཟང་སྙམ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...