སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྡོ་རྗེ་ཚེ་བརྟན་གྱི་ཡིག་གཟུགས།
རྩོམ་པ་པོ། བྱ་ཁུ་ལོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-7 10:50:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྡོ་རྗེ་ཚེ་བརྟན་གྱི་ཡིག་གཟུགས།


གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྡོ་རྗེ་ཚེ་བརྟན་གྱི་ཡིག་གཟུགས།


གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྡོ་རྗེ་ཚེ་བརྟན་གྱི་ཡིག་གཟུགས།

གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་རྡོ་རྗེ་ཚེ་བརྟན་ངོ་སྤྲོད།

     རྡོ་རྗེ་ཚེ་བརྟན་ནི་མཚོ་སྔོན་ཨ་མདོ་ཡུལ་གྱི་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར། འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་པའི་རེབ་གོང་སྒྱུ་རྩལ་གྱི་ཞིང་ཁམས་ཕ་ཡུལ་སེང་གེ་གཤོང་དུ་1977ལོའི་ཟླ་5པར་མི་ཡུལ་འདིར་ཚེ་སྲོག་གི་ངུ་སྐད་ཐོག་མ་གྱེར་ལ། ཕ་མའི་སྐུ་དྲིན་གྱིས་སེང་གཤོང་སློབ་གྲྭ་འགྲིམས་པའི་སྐལ་བ་ལྡན་ཞིང་དགེ་རྒན་རྣམ་པའི་བཀའ་དྲིན་གྱིས་ཡི་གེ་འབྲི་ཀློག་ཐོག་མར་སྦྱོང་བའི་ཉི་མ་ཤར། རིམ་བཞིན་ཐུན་རིན་རྫོང་མི་རིགས་་སློབ་འབྲིང་ནས་རྒན་འཇམ་དབྱངས་སྐྱབས་དང་ཕག་མོ་རྡོ་རྗེ་སོགས་་གཙོ་བྱས་པའི་སློབ་དཔོན་རྣམ་པའི་ཐུགས་རྗེ་འོད་སྣང་ལ་བསྟེན་ཏེ་དམའ་འབྲིང་དང་མཐོ་འབྲིང་སློབ་མཐར་ཕྱིན། དུས་དེར་རང་གི་དགའ་ཕྱོགས་ཡིག་གཟུགས་ལ་རང་སྦྱོང་ཕྲན་བུ་ཙམ་གྱི་བག་ཆགས་བཞག་མྱོང་། ད་ལྟ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།
     1997ལོར་མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས་ནས་སློབ་ཆེན་གྱི་ལས་ལ་འབད། སྐལ་བ་བཟང་པོ་ཞིག་ལ་བོད་ཀྱི་ཡིག་མཁན་རྒན་དོན་གྲུབ་ཚེ་རིང་གི་མདུན་ནས་ལོ་ངོ་གསུམ་ལྷག་ལ་ཡིག་གཟུགས་འབྲི་སྦྱོང་ལ་འབད་ཁུལ་ཙམ་བྱས་པ་ཡིན།
     2003ལོར་བོད་ལྗོངས་ཆབ་མདོ་རི་བོ་ཆེ་ནས་དགེ་རྒན་གྱི་བྱ་བར་ཞུགས། བྱ་བ་ལས་ཞོར་དུ་ཁམས་ཕྱོགས་ཀྱི་དབུ་མེད་འབྲི་ཚུལ་ལ་སྦྱོང་བ་དང་། དྲ་ཐོག་ནས་ཡིག་གཟུགས་དགེ་རྒན་གང་མང་ལ་བསྟེན་ནས་རང་གི་བྲིས་ཀྱི་ཆུ་ཚད་སྔར་བས་མཐོར་འདེགས་ལ་བརྩོན་བཞིན་ཡོད།

     2015ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དུ་ལས་གནས་སྤོར་བ་ནས་བཟུང་། ཡིག་གཟུགས་ཀྱི་སྤྲོ་སྣང་མེ་རི་འབར་བ་བཞིན་ཚད་མེད་སྐྱེས་ཏེ། དགེ་རྒན་བློ་བཟང་སྙན་གྲགས་ཀྱི་མདུན་ནས་སྙེ་བྲིས་སྦྱོང་བ་དང་། བར་སྐབས་སྨོན་ལམ་ཡིག་གཟུགས་དང་པཎ་ཆེན་ཚུགས་རིང་སོགས་རང་སྦྱོང་བྱས་ཏེ། རྨང་གཞི་བརྟན་པོ་ཞིག་ཆགས་སོང་། རིམ་བཞིན་ཡིག་གཟུགས་ཀྱི་སློབ་ཁྲིད་འགན་བླངས་སྟེ་རིག་ལྡན་གང་མང་ཞིག་གསོ་སྐྱོང་གནང་བ་ཡིན། ཡིག་གཟུགས་བརྩམས་ཆོས་མི་ཉུང་བ་མཚོ་ལྷོའི་ཡིག་གཟུགས་འགྲེམ་སྟོན་དང་། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བའི་ལེགས་བྲིས་མ་སོགས་སུ་བཀོད་ཡོད།
     མ་འོངས་བར་ཡིག་གཟུགས་དུས་ཆེན་ཉིན་མོར་ཞིང་ཆེན་ནང་ཁུལ་ནས་ཡིག་གཟུགས་འགྲེམ་སྟོན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས་བོད་ཀྱི་ཡིག་གཟུགས་དར་ཁྱབ་དུ་བྱུང་བར་འབད་བརྩོན་བྱེད་རྒྱུའོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...